འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིས་ཐེ་རོན་ཕུས་ཀྲུང་གོར་འཚམས་འདྲི་གནང་
    རྒྱུ་དེས་ཀྲུང་ཨའི་འབྲེལ་བ་གོང་འཕེལ་ཡོང་བར་གོ་སྐབས་བཟང་པོ་གཏོད་རྒྱུ་རེད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཚུའེ་ཐེན་ཁའེ་ཡིས་ཟླ་10ཚེས་30ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་དེས་ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བ་སྔར་བས་གོང་འཕེལ་ཡོང་བར་གོ་སྐབས་བཟང་པོ་གཏོད་རྒྱུ་རེད་ཅེས་བརྗོད་པ་རེད།
          དེ་ཉིན་ཚུའེ་ཐེན་ཁའེ་ཡིས་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་དུ་ཀྲུང་ཕྱིའི་སྨྱན་སྦྱོར་གྱི་མཉམ་སྡེབ་བཅར་འདྲི་དང་ལེན་གནང་བ་རེད། ཚུའེ་ཐེན་ཁའེ་ཡིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཉིན་ཤས་གོང་པེ་ཅིང་དུ་གྲོལ་བ་དང་ཙུང་ཐུང་ཐེ་རོན་ཕུས་ལོ་རྒྱུས་ཀྱི་དུས་སྐབས་ཧ་ཅང་གལ་ཆེན་དེར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། ཁོང་ནི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་ཕྱི་རྒྱལ་གྱི་གཙོ་བདག་ཨང་དང་པོ་དེ་ཡིན་ཞེས་བརྗོད་པ་རེད།
         ཚུའེ་ཐེན་ཁའེ་ཡིས་ད་ཐེངས་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་གནང་བའི་ལས་འགན་གལ་ཆེ་ཤོས་ནི་ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བའི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་དང་དགེ་མཚན་ལྡན་པའི་རྩ་བའི་དགོངས་གཞི་ཡག་པོ་བཟོས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་ཡོང་བར་སྐུལ་འདེད་དང་མཉམ་ལས་སྔར་བས་གཏིང་ཟབ་ཡོང་བ་དང་འགལ་བ་དོ་དམ་དང་ཚོད་འཛིན་ནུས་ལྡན་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
         ཚུའེ་ཐེན་ཁའེ་ཡིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འདས་ཟིན་པའི་དུས་སྐབས་ཤིག་རིང་འབྲེལ་གཏུག་དང་སྤེལ་རེས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཁོང་གིས་ རྒྱལ་ཁབ་གཉིས་པོའི་གཙོ་བདག་སླར་ཡང་མཇལ་འཛོམས་གནང་རྒྱུ་དེས་ཀྲུང་གོ་དང་ཨ་རི་དབར་གྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་ཡོང་བར་ཁ་ཕྱོགས་གསལ་སྟོན་ཐུབ་རྒྱུ་དང་འཆར་འགོད་ཡག་པོ་བཟོ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད། ཁོང་གིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་རིམ་པ་མཐོ་ཤོས་ཀྱི་འཐབ་ཇུས་རང་བཞིན་གྱི་གླེང་མོལ་བྱེད་པ་དང་ཆབས་ཅིག་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་རྒྱུ་དེ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་ཁེ་ཕན་ལ་ཕན་ཐོགས་ཡོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་ལའང་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
         ཀྲུང་གོ་དང་ཨ་རི་དབར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་མདུན་ལམ་སྐོར་བཀའ་འདྲི་ཞུ་སྐབས་ཚུའེ་ཐེན་ཁའེ་ཡིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ནི་ཙུང་ཐུང་ཐེ་རོན་ཕུ་ད་ཐེངས་འཚམས་འདྲིར་ཕེབས་པའི་ནང་དོན་གཙོ་བོ་དེ་ཡིན་པས་ཕྱོགས་གཉིས་པོའི་ཚོགས་པས་དུས་ཚོད་དང་སེམས་ནུས་འབོར་ཆེན་བཏོན་ཏེ་དགེ་མཚན་ལྡན་ལ་དངོས་སྒྲུབ་ཀྱི་རྣམ་འགྱུར་ཐོག་ནས་གནད་དོན་དེར་གྲོས་བསྡུར་གནང་རྒྱུ་ཡིན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ད་ཐེངས་ཀྱི་འཚམས་འདྲིར་གནད་དོན་དེའི་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུ་རེད་ཅེས་བརྗོད་པ་རེད།
         ཚུའེ་ཐེན་ཁའེ་ཡིས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་སོགས་ཀྱི་གླེང་མང་བའི་གནད་དོན་ཡང་འཚམས་འདྲིའི་གྲོས་དོན་གཙོ་བོ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་གནད་དོན་དེའི་ཐད་གྲོས་བསྡུར་གཏིང་ཟབ་བྱ་རྒྱུའི་གྲ་སྒྲིག་ལེགས་གྲུབ་ཟིན་ཡོད་ཅེས་བརྗོད་པ་རེད། དེ་ཉིན་ཚུའེ་ཐེན་ཁའེ་ཡིས་ལྷོ་རྒྱ་མཚོའི་གནད་དོན་དང་། ཐའེ་དབན་གྱི་གནད་དོན། དབྱི་རན་གྱི་ཉིང་རྡུལ་གནད་དོན་སོགས་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།