འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཉིའུ་གཡོད་དུ་ཐོན་པའི་ལྗིད་ཐེག་རླངས་འཁོར་གྱིས་འགྲོ་ལམ་འགྲུལ་པར་བརྡུངས་
    པ་དང་མེ་མདའ་བརྒྱབ་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ།

    ཀྲུང་གོའི་སྤྱི་དམངས་འཆི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་1ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཨ་རིའི་ཉིའུ་གཡོད་དུ་ཐོན་པའི་ལྗིད་ཐེག་རླངས་འཁོར་གྱིས་འགྲོ་ལམ་འགྲུལ་པར་བརྡུངས་པ་དང་མེ་མདའ་བརྒྱབ་པའི་དོན་རྐྱེན་ལ་ཀྲུང་གོ་ཕྱོགས་ཀྱིས་རྒོལ་གཏམ་བཏང་བ་དང་། མིག་སྔར་ཀྲུང་གོའི་སྤྱི་དམངས་འཆི་རྨས་བྱུང་བའི་སྙན་ཞུ་འབྱོར་མ་བྱུང་ཞེས་གསུངས་པ་རེད།
         ཡུལ་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན་གྱི་ཕྱི་དྲོ་ཨ་རིའི་ཉིའུ་གཡོད་མན་ཧ་ཏུན་དུ་ལྗིད་ཐེག་རླངས་འཁོར་ཆུང་གྲས་ཤིག་གིས་འགྲོ་ལམ་འགྲུལ་པར་བརྡུངས་པ་དང་མེ་མདའ་བརྒྱབ་པའི་ཐོལ་བྱུང་དོན་རྐྱེན་ཞིག་ཐོན་ནས་མི་8རྐྱེན་ལམ་དུ་ཤོར་བ་དང་མི་11ལ་རྨས་སྐྱོན་ཕོག་པ་དང་། ད་ཆ་ཆག་སྒོ་བཟོ་མཁན་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་ཡོད། ཉིའུ་གཡོད་གྲོང་ཁྱེར་གྱི་ཧྲི་ཀྲང་ཏེ་པུ་ལ་ཤིས་ཨའོ་ཡིས་དེ་ནི་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཞིག་རེད་ཅེས་པའི་གནས་ཚུལ་སྤེལ་ཡོད་པར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། ཀྲུང་གོའི་སྤྱི་དམངས་འཆི་རྨས་བྱུང་ཡོད་དམ་ཞེས་གསར་འགོད་པས་དྲིས།
         ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་དོན་རྐྱེན་དེར་རྒོལ་གཏམ་གཏོང་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུ་རྒྱུ་ཡིན་ལ་རྨས་སྐྱོན་ཕོག་པ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་གིས་ཉིའུ་གཡོད་གྲོང་ཁྱེར་གྱི་ཧྲི་ཀྲང་གིས་དོན་རྐྱེན་དེ་འཇིགས་སྐུལ་དོན་རྐྱེན་གྱི་བྱེད་སྤྱོད་ལ་གཏན་འཁེལ་བྱེད་པ་ང་ཚོར་དོ་སྣང་བྱུང་། འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་ཀྱི་སྤྱི་དགྲ་རེད། ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་རྒོལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས་དོན་རྐྱེན་དེ་ཐོན་རྗེས་ཀྲུང་གོའི་ཕྱི་འབྲེལ་པུའུ་དང་ཉིའུ་གཡོད་དུ་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཉིའུ་གཡོད་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་་གིས་ལམ་སེང་འཕྲལ་སྡོམ་ལམ་སྲོལ་ལག་ལེན་བསྟར་ནས་འཕྲལ་མ་ཉིད་དུ་འབྲེལ་གཏུག་དང་། ཤེས་རྟོགས། ཞིབ་བསྡུར་བཅས་བྱས་ཡོད། “ང་ཚོར་ད་བར་ཀྲུང་གོའི་སྤྱི་དམངས་འཆི་རྨས་བྱུང་བའི་སྙན་ཞུ་འབྱོར་མ་བྱུང་། ང་ཚོས་དོན་རྐྱེན་དེར་མུ་མཐུད་དོ་ཁུར་བྱས་ནས་གནས་ཚུལ་དེ་དང་འབྲེལ་བ་ཡོད་སྲིད་པའི་ཀྲུང་གོའི་སྤྱི་དམངས་ལ་རོགས་སྐྱོར་དུས་ཐོག་ཏུ་བྱེད་རྒྱུ་ཡིན”ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།