འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་མང་པོའི་མཁས་དབང་གིས"རྒྱུད་གཅིག་ལམ་གཅིག"གིས་ས་ཁོངས་
    མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་། ནེ་པ་ལ། བྷང་ག་ལ། རྒྱ་གར། ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་མཁས་དབང་གིས་ཉིན་ཤས་གོང་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་མཉམ་དུ་གསལ་བསྒྲགས་སྤེལ་ནས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུའི་ཐད་གྲོས་བསྡུར་དང་བསམ་ཤེས་གཏིང་ཟབ་བྱས་ནས་ཀྲུང་གོ་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་བརྒྱུད་ཨེ་ཤེ་ཡ་ལྷོ་མའི་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུའི་འབོད་སྐུལ་བྱས་པ་རེད།
          གསལ་བསྒྲགས་ནང་། “རྒྱུད་གཅིག་ལམ་གཅིག”གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཙམ་མ་ཡིན་པར་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་བཀོད་པའི་དཔལ་འབྱོར་མཉམ་ལས་ཀྱི་འཆར་གཞི་ཞིག་ཡིན། ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དབར་ཕན་ཚུན་སྔར་བས་བསྟུན་མཁས་དང་མཛའ་གྲོགས་ངང་སྐད་ཆ་ཤོད་རེས་ཀྱི་བྱེད་ཐབས་ཐོག་ནས་རྩོད་གཞི་བསལ་ཏེ་ས་ཁོངས་མཉམ་ལས་ལ་སྐུལ་འདེད་བཏང་ཚེ་གཞི་ནས་ཀྲུང་གོ་དང་ཕན་ཚུན་སྦྲེལ་མཐུད་སྔར་བས་ཡག་པོ་ཐུབ་ནས་ཕྱོགས་ཁག་ལ་ཕན་པ་ཐོབ་རྒྱུ་ཡིན་པ་བསྟན་ཡོད།
         གསལ་བསྒྲགས་ནང་། རྒྱལ་ཁབ་ཁག་གི་རིགས་གཞུང་སྒྲིག་གཞི་ཁག་དབར་མཉམ་སྤྱོད་ལས་སྟེགས་སྐྲུན་པ་དང་། རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཁག་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཤེས་རྟོགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།
          ཉིན་ཤས་གོང་ཀ་ཏ་མན་རྡུ་སློབ་ཆེན་གྱི་ཁྲིམས་རིག་པའི་སློབ་གླིང་གིས་གཙོ་གཉེར་བྱས་པའི“ཨེ་ཤེ་ཡ་ལྷོ་མ་དང་ཀྲུང་གོ་སྦྲེལ་མཐུད་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ”ཞེས་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཀ་ཏ་མན་རྡུར་འཚོགས་པ་རེད། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་མང་པོ་ཞིག་གི་མཁས་དབང་ཚོགས་འདུར་ཞུགས་ཏེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་དེ་བཞིན་ཨེ་ཤེ་ཡ་ལྷོ་མའི་ས་ཁོངས་མཉམ་ལས་སྐོར་གྱི་བརྗོད་གཞིར་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།