འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཤིན་ཅང་གི་རིག་གནས་སྤེལ་རེས་ཚོགས་པས་ཁ་ན་ཏར་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་ཤིན་ཅང་གི་རིག་གནས་སྤེལ་རེས་ཚོགས་པ་ཟླ་10ཚེས་29ཉིན་ཁ་ན་ཏར་འབྱོར་བ་དང་། ཉིན་གཉིས་རིང་སྔ་རྗེས་སུ་ཏུའོ་ལུན་ཏུའོ་དང་ཨོ་ཐེ་ཝ་རུ་བཞུགས་མོལ་ཚོགས་འདུ་ཐེངས་འགའ་འཚོགས་ཏེ་ས་གནས་དེའི་སློབ་གསོའི་ལས་རིགས་དང་སྨྱན་སྦྱོར་དང་ཁྱབ་རྒྱ་ཆེ་ལ་ཕན་འབྲས་ལྡན་པའི་སྤེལ་རེས་བྱས་ཡོད་པ་རེད།
         སྤེལ་རེས་ཚོགས་པའི་ཚོགས་གཙོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཙོའུ་ཕུང་གིས་ཀྲུང་གོའི་ཤིན་ཅང་གི་རིག་གནས་སྤེལ་རེས་ཚོགས་པ་ད་ཐེངས་ཨ་མེ་རི་ཁ་གླིང་བྱང་མར་བསྐྱོད་པ་དེའི་དམིགས་ཡུལ་ནི་ཁ་ན་ཏ་དང་ཨ་རིའི་སྲིད་འཛིན་ལས་རིགས་དང་། སྨྱན་སྦྱོར། སློབ་གསོའི་ལས་རིགས། ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་སོགས་དང་ངོ་འཕྲད་འབྲེལ་གཏུག་དང་སྤེལ་རེས་བྱས་ནས་ཁོང་ཚོས་ཤིན་ཅང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་གཏིང་ཟབ་ཡོང་བ་བྱེད་པ་མ་ཟད། དུས་ཡུན་རིང་པོའི་ནང་ཁོང་ཚོའི་བསམ་བློའི་ནང་ཆགས་པའི་ཤིན་ཅང་གི་འགྱུར་མེད་བག་ཆགས་དང་གོ་འཛོལ་སེལ་ནས་ཀྲུང་གོ་དང་ཁ་ན་ཏ་དང་ཨ་རི་བཅས་དབར་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་དང་རིག་གནས་མཉམ་ལས་ལ་སྐུལ་མ་གཏོང་རྒྱུ་དེ་རེད་ཅེས་ངོ་སྤྲོད་གནང་བ་རེད།
         ཙོའུ་ཕུང་གིས་ད་ཐེངས་ཀྱི་རིག་གནས་སྤེལ་རེས་བྱེད་སྒོར་དོན་སྙིང་ཆེན་པོ་ལྡན་ནས་འཚམས་འདྲིའི་དམིགས་ཡུལ་བསྒྲུབས་ཐུབ་པ་བྱུང་ཡོད་ཅེས་བརྗོད་པ་རེད།
         ཀྲུང་གོའི་ཤིན་ཅང་གི་རིག་གནས་སྤེལ་རེས་ཚོགས་པས་དེ་གོང་ཨ་རིའི་ཤིའུ་སི་ཏུན་དང་ཉིའུ་གཡོད་ལ་འཚམས་འདྲི་བྱས་ཡོད་ལ་ཟླ་11ཚེས་1ཉིན་ཨ་མེ་རི་ཁ་གླིང་བྱང་མའི་འཚམས་འདྲི་མཇུག་འགྲིལ་ནས་རང་རྒྱལ་དུ་ཕྱིར་ལོག་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།