འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ནི་དུས་ཚིགས་གསུམ་བསྟུད་མར་ཧིན་རྡུ་ཉི་ཞི་ཡའི་ཡུལ་སྐོར་བའི་འགྲུལ་ཁུངས་ཆེ་ཤོས་
    སུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་1ཉིན་ཧིན་རྡུ་ཉི་ཞི་ཡའི་ཀྲུང་དབྱང་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ཧིན་རྡུ་ཉི་ཞི་ཡར་ཡུལ་སྐོར་དུ་བསྐྱོད་མཁན་ཀྲུང་གོའི་ནང་སའི་ཡུལ་སྐོར་བའི་མི་ཐེངས་ཁྲི་167.5ཟིན་པ་དེས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་སྤྱིའི་ཡུལ་སྐོར་བའི་གྲངས་འབོར་གྱི་16.09%བཟུང་ཡོད། ཀྲུང་གོ་འདི་ཉིད་འདི་ལོའི་དུས་ཚིགས་གསུམ་བསྟུད་མར་ཧིན་རྡུ་ཉི་ཞི་ཡའི་ཡུལ་སྐོར་བའི་འགྲུལ་ཁུངས་ཆེ་ཤོས་སུ་གྱུར་ཡོད།
         ཧིན་རྡུ་ཉི་ཞི་ཡའི་ཀྲུང་དབྱང་བསྡོམས་རྩིས་ཅུས་ཀྱིས། 2017ལོ་ནས་བཟུང་ཧིན་རྡུ་ཉི་ཞི་ཡར་ཡུལ་སྐོར་བྱེད་མཁན་ཀྲུང་གོའི་ཡུལ་སྐོར་བའི་གྲངས་ཚད་མགྱོགས་མྱུར་འཕར་བ་དང་འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོའི་ནང་སའི་ཡུལ་སྐོར་བའི་གྲངས་འབོར་དེ་ན་ནིང་གི་བསྡོམས་འབོར་ལས་བརྒལ་ཡོད་ཅེས་བཤད། པཱ་ལི་གླིང་ཕྲན་ནི་ཀྲུང་གོའི་ནང་སའི་ཡུལ་སྐོར་བ་བསྐྱོད་མང་བའི་ཧིན་རྡུ་ཉི་ཞི་ཡའི་ཡུལ་སྐོར་དམིགས་ས་ཞིག་ཡིན་པ་དང་ཀྲུང་གོ་ཡང་པཱ་ལི་གླིང་ཕྲན་གྱི་ཕྱི་རྒྱལ་ཡུལ་སྐོར་བའི་འགྲུལ་ཁུངས་ཆེ་ཤོས་དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།