འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་གྱི་རིགས་གཅིག་མཁས་ཅན་གྱིས་མི་དམངས་ཤོག་སྒོར"གཟེབ་འཇུག"བྱས་ནས་ལོ་
    གཅིག་འཁོར་བར་མོས་བསྟོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མི་དམངས་ཤོག་སྒོར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་(IMF)དམིགས་བསལ་དངུལ་ལེན་དབང་ཆ་(SDR)དངུལ་ལོར་ལག་གཟེབ་ནང་བཅུག་ནས་ལོ་གཅིག་འཁོར་བའི་དུས་འདིར་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་ཀྲོའུ་བཙུགས་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་ཚན་ཁག་གི་ཀྲུའུ་རེན་མའོ་ལི་ཤིས་ཨའོ·སང་ཐུའོ་ལུའོ་ཡིས་མི་དམངས་ཤོག་སྒོར“གཟེབ་འཇུག”བྱས་རྗེས་ཀྲུང་གོར་རྒྱལ་སྤྱིའི་དངུལ་རྩ་དང་དཔལ་འབྱོར་མ་ལག་ནང་སྐད་ཆ་ཤོད་དབང་སྔར་ལས་ཆེན་པོ་སྤྲད་ཡོད་ཅེས་བཤད་པ་རེད།
         སང་ཐུའོ་ལུའོ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་མི་དམངས་ཤོག་སྒོར“གཟེབ་འཇུག”བྱས་པའི་རྒྱབ་ལྗོངས་ནི་ཀྲུང་གོ་དེ་འཛམ་གླིང་དཔལ་འབྱོར་དངོས་ཚན་ཨང་གཉིས་པ་ཡིན་པའི་གོ་ལ་ཧྲིལ་པོར་ཐེབས་པའི་ཀྲུང་གོའི་ཤུགས་རྐྱེན་ཉིན་བཞིན་ཆེ་རུ་འགྲོ་བ་དེ་ཡིན། མི་དམངས་ཤོག་སྒོར་གྱི་ཤུགས་རྐྱེན་ཆེ་རུ་འགྲོ་བ་དེ་ཀྲུང་གོའི་དཔལ་འབྱོར་གྱི་སྟོབས་ཤུགས་དངོས་དང་སྒྲིག་ཐུབ་པ་བྱུང་ཡོད་ཅེས་བཤད་པ་རེད།
         2015ལོའི་ཟླ་11ཚེས་30ཉིན་IMFཡིས་མི་དམངས་ཤོག་སྒོར་SDRནང་བཅུག་པ་ལས་ཨ་སྒོར་དང་། ཡོ་སྒོར། རི་སྒོར། དབྱིན་སྒོར་བཅས་དང་ཐུན་མོང་ཐོག་ལག་གཟེབ་གསར་པ་ཞིག་གྲུབ་ཡོད། ན་ནིང་མི་དམངས་ཤོག་སྒོར་SDRནང་དངོས་སུ་བཅུག་པ་ལས་མི་དམངས་ཤོག་སྒོར་རྒྱལ་སྤྱིའི་ཐོག་སྤྱོད་རྒྱ་ཆེ་རུ་སོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།