འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཁུ་པས་ཧ་ཝ་ན་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལ་བརྟེན་ནས་ཕྱི་རྒྱལ་གྱི་མ་དངུལ་འགུགས་
    ཐབས་ཤུགས་ཆེན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན་སྐབས་35པའི་ཧ་ཝ་ནའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཁུ་པའི་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་པ་དང་། རྒྱལ་ཁབ་དང་ས་ཁུལ་70ཡི་ཁེ་ལས་དང་སྒྲིག་གཞི་3400ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཏེ་ཁུ་པའི་ཆེད་དུ་ཕྱི་རྒྱལ་གྱི་མ་དངུལ་འགུགས་ཐབས་བྱས་པ་དང་འབྲེལ་རྒྱལ་སྤྱིའི་ཉོ་ཚོང་ལ་ཡང་གོ་སྐབས་བསྐྲུན་ཡོད་པ་རེད།
         ཁུ་པའི་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་རྒྱལ་མ་འཇོག་པུའུ་ཀྲང་ལུའོ་ཏེ་ལི་ཀེ་·མར་སྨི་ཡེ་ཁས་འགོ་ཚུགས་མཛད་སྒོའི་ཐོག་མིག་སྔར་ཁུ་པའི་དཔལ་འབྱོར་ལ་ཚོད་འཛིན་ཕོག་ཡོད་མོད། འོན་ཀྱང་འགྲེམས་ཚོགས་ནང་ཞུགས་མཁན་མང་པོ་ཡོད་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁུ་པ་དང་ཚོང་དོན་སྒྲུབ་པའི་སྤྲོ་སྣང་དང་རེ་འདོད་ཡོད་ཚུལ་སླར་ཡང་མངོན་ཡོད་ཅེས་བརྗོད་པ་རེད།
         སྐབས་གོང་མའི་དངོས་མང་སྟོན་ཚོགས་འཚོགས་ཚུན་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་དང་། ཡུལ་སྐོར། འཛུགས་སྐྲུན། རྡོ་སྣུམ་རྩད་ཞིབ། བཟའ་བཅའ་སོགས་ཁྱབ་ཁོངས་ཀྱི་ཕྱི་རྒྱལ་གྱི་མ་འཇོག་རྣམ་གྲངས་གལ་ཆེན་ལ་ཁུ་པའི་ཆོག་མཆན་ཐོབ་ཡོད་པ་རེད། “འདི་ལོ་ང་ཚོས་ཨ་སྒོར་དུང་ཕྱུར་20ཙམ་ཟིན་པའི་ཕྱི་རྒྱལ་གྱི་མ་འཇོག་རྣམ་གྲངས་ལ་ཆོག་མཆན་སྤྲད་པ་མ་ཟད། ད་དུང་རྣམ་གྲངས་གསར་པ་འགའ་ཞིག་ལ་ཡང་ལོ་མཇུག་གོང་ཆོག་མཆན་སྤྲོད་རྒྱུ་ཡིན”ཞེས་མར་སྨི་ཡེ་ཁས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།