འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཅིབ་ཀྱི་རིགས་གཅིག་མཁས་ཅན་གྱིས"གཟེབ་འཇུག"བྱས་པས་རྒྱལ་སྤྱིར་མི་དམངས་ཤོག་
    སྒོར་སྤྱོད་ཚད་མང་དུ་སོང་ཡོད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མི་དམངས་ཤོག་སྒོར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་(IMF)དམིགས་བསལ་དངུལ་ལེན་དབང་ཆའི་(SDR)དངུལ་ལོར་ལག་གཟེབ་ནང་ཞུགས་ནས་ལོ་གཅིག་ཏག་ཏག་སོང་བ་དང་། རྒྱལ་སྤྱིའི་ཁྱབ་ཁོངས་སུ་སྤྱོད་ཚུལ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ཉིན་ཤས་གོང་། ཀྲུང་གོའི་ཨེ་ཅིབ་ཚོང་ཚོགས་ཀྱི་ཀྲུའུ་ཞི་ཏི་ཡ·ཧྥེ་ཅིས་མི་དམངས་ཤོག་སྒོར་ཨེ་ཅིབ་ཀྱི་རྒྱུན་སྤྱོད་དངུལ་ལོར་ཆེ་ཤོས་ཨང་གཉིས་པར་འགྱུར་བཞིན་ཡོད་ཅེས་བཤད་པ་རེད།
         ཧྥེ་ཅིས་འབྲེལ་ཡོད་ཆབ་སྲིད་ཀྱི་གནོན་ཤུགས་ཕོག་པའི་དབང་གིས། རྒྱལ་ཁབ་ཁག་གཅིག་གིས་ཨ་སྒོར་དང་ཡོ་སྒོར་སྤྱད་ནས་ཉོ་ཚོང་བྱེད་འདོད་མེད་མོད། འོན་ཀྱང་ཀྲུང་གོས་བདག་དབང་རྒྱལ་ཁབ་ནང་ཁུལ་གྱི་བྱ་བར་ཐེ་ཇུས་མི་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་པས་རྒྱལ་སྤྱིའི་ཐོག་མི་དམངས་ཤོག་སྒོར་སྤྱོད་ཚད་སྔར་བས་མང་དུ་ཕྱིན་ཡོད་ཅེས་བཤད་པ་རེད།
         ཉེ་དུས་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་《མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་གྱི་སྙན་ཞུའི་》ནང་མངོན་དོན། 2016ལོའི་ལོ་མཇུག་བར་ཀྲུང་གོ་མི་དམངས་དངུལ་ཁང་གིས་རྒྱལ་ཁབ་དང་ས་ཁུལ་36གི་ཀྲུང་དབྱང་དངུལ་ཁང་ངམ་ཡང་ན་དངུལ་ལོར་དབང་འཛིན་ལས་ཁུངས་དབར་ཕྱོགས་གཉིས་པོའི་དངུལ་ལོར་བརྗེ་རེས་ཀྱི་གྲོས་མཐུན་བཞག་པ་དང་གྲོས་མཐུན་གྱི་སྤྱིའི་གཞི་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་3.3ལྷག་ཙམ་ཟིན་པས་མངའ་ཁོངས་ཕྱིའི་བྱེད་པོས་མི་དམངས་ཤོག་སྒོར་དབང་བ་དང་བེད་སྤྱོད་བྱ་རྒྱུར་ཧ་ཅང་སྟབས་བདེ་བསྐྲུན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།