འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པས་ཡོ་རོབ་ཏུ་སྐོར་སྐྱོད་འཁྲབ་སྟོན་བྱེད་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་25དང་ཚེས་28ཉིན་ཅེ་ཁེའི་རྒྱལ་ས་ཕུ་རག་དང་འཇར་མན་གྱི་གྲོང་ཁྱེར་ཉིའུ་ལུན་པའོ་སོ་སོར་འཁྲབ་སྟོན་བྱས་རྗེས་ཚེས་30ཉིན་ཀྲུང་གོ་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པས་འཇར་མན་གྱི་ཨོ་ཀེ་སི་པའོ་རུ་ས་གནས་དེ་གའི་ལྟད་མོ་བ་ཚོར་ཟློས་གར་ཆེ་གྲས་《སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་》སོགས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་ཏེ་སྒྱུ་རྩལ་ཚོགས་པ་ད་རེས་ཡོ་རོབ་ཏུ་སྐོར་སྐྱོད་འཁྲབ་སྟོན་བྱེད་མཇུག་འགྲིལ་བ་རེད།
          ཀྲུང་གོ་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པ་དང་བཅས་པས་གོང་ཚེས་ཉིན་ལྟད་མོ་བ་ཚོར་པ་ལིའི་ཞབས་བྲོའི་ལག་བརྡའི་སྙན་ངག་《ང་ཡི་ཕུགས་འདུན་》ཞེས་པ་དང་ཟློས་གར་ཆེ་གྲས་《སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་》སོགས་རྩེར་སོན་ལེ་ཚན་འཁྲབ་སྟོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།