འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་སི་ཕེན་གྱི་སྤེལ་རེས་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པ་མ་ཏེ་རིར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་སི་ཕེན་གྱི་སྤེལ་རེས་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པ་ཚེས་30ཉིན་མ་ཏེ་རིའི་གོང་མ་ཚང་གི་ཟློས་གར་ཁང་དུ་འཚོགས་པ་དང་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་པོའི་ཁེ་ལས་དང་སྒྲིག་གཞིའི་འཐུས་མི་སོགས་མི་800ལྷག་ཙམ་ཞུགས་པ་རེད།
          སི་ཕེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་གཉེར་ཚན་ཙན་ཝང་དབྱི་ཆིས་གླེང་སྟེགས་ཐོག་ཤིས་ཚིག་བསྒྲོན་ནས་ད་ཐེངས་ཀྱི་གླེང་སྟེགས་བརྒྱུད་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་པོའི་དབར་གྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ནས་སི་ཕེན་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་ར་ཤེས་རྟོགས་བྱེད་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་ནང་འབྲེལ་བ་དང་སྤེལ་རེས་བྱེད་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
         2018ལོར་ཀྲུང་གོ་དང་སི་ཕེན་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་45འཁོར་རྒྱུ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་ཡུལ་སྐོར་ལོ་འཆར་རྒྱུར་བསུ་བ་ཞུ་ཆེད། ད་ཐེངས་ཀྱི་གླེང་སྟེགས་ཀྱིས་མིང་དུ“སི་ཕེན་ལ་དགའ་ཞེན་བྱེད”ཅེས་འཁོད་པའི་སྤྱི་སྒེར་མཉམ་ལས་ཀྱི་རྣམ་གྲངས་དངོས་སུ་སྤེལ་འགོ་ཚུགས་པ་རེད། སི་ཕེན་གྱི་རྒྱལ་ཁབ་མཁའ་འགྲུལ་དང་། དངུལ་ཁང་མཉམ་འབྲེལ་རྒྱལ་སྤྱི། མ་ཏེ་རི་གོང་མ་ཚང་ཟློས་གར་ཁང་། ཅ་ལི་ཤིས་ཡ་ཡུལ་སྐོར་ཅུས། ཝ་ལུན་ཤིས་ཡ་ཡུལ་སྐོར་ཅུས། སི་ཕེན་གྱི་གྲགས་ཅན་སྤུས་རྟགས་གླེང་སྟེགས། སི་ཕེན་ཚོང་ཚོགས་སོགས་ཀྲུང་གོ་དང་སི་ཕེན་གྱི་ཁེ་ལས་དང་སྒྲིག་གཞི་50ལྷག་ཙམ་གྱིས་རྣམ་གྲངས་ཀྱི་སྒྲོམ་གཞིའི་འོག་མཉམ་དུ་ལག་གདང་སྦྲེལ་ནས་ཁྱབ་ཁོངས་མང་པོའི་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།