འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།《ཀྲུང་གོའི་གླུ་སྐད་གསར་པ》ཡི་སྤྱིའི་རྟིང་རྩོད་འགྲན་བསྡུར་བྱ་ཚང་དུ་བྱས་ཤིང་བཀྲ་
    ཤིས་ཕུན་ཚོགས་ཀྱིས་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་10ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན་གྱི་དགོང་མོར།  《ཀྲུང་གོའི་གླུ་སྐད་གསར་པ》ཡི་སྤྱིའི་རྟིང་རྩོད་འགྲན་བསྡུར་པེ་ཅིང་གི་བྱ་ཚང་དུ་བྱས་ཤིང་། བོད་ལྗོངས་གཞིས་ཀ་རྩེ་ནས་ཡོང་བའི་གླུ་བ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཨང་དང་པོ་བླངས་པ་རེད།
         འདི་ནི་བོད་ལྗོངས་ལ་དབང་བའི་དགོང་མོ་ཞིག་ཡིན་ལ། དགོང་མོ་ཧྲིལ་པོར་འཕྲིན་ཕྲན་གྱི་གྲོགས་འཁོར་དུ་བཀྲ་ཤིས་ཕུན་ཚོགས་བྱ་ཚང་དུ་རྟིང་རྩོད་འགྲན་བསྡུར་དུ་ཞུགས་པའི་ཆ་འཕྲིན་གྱིས་ཁེངས་ཤིང་། ཚང་མས་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་ཕ་ཡུལ་གྱི་བདམས་ཐོན་པར་འདེམས་ཤོག་འཕེན་གྱི་ཡོད་པ་རེད། གཞས་ལེན་རོགས་དང་བླང་དོར་གྱི་PKའགྲན་བསྡུར། རྩེར་སོན་པའི་འགྲན་བསྡུར་བཅས་བྱས་པ་བརྒྱུད། བཀྲ་ཤིས་ཕུན་ཚོགས་ཀྱིས་ཚང་མའི་རེ་བ་སྟོང་ཟད་དུ་བཏང་མེད་པར་བྱ་ཚང་དུ་གཟི་བརྗིད་ལྡན་པའི་ངང་ཨང་དང་པོ་བླངས་པ་རེད།
         དོན་དངོས་སུ་མཇུག་འབྲས་འདི་ནི་བསམ་ཡུལ་ལས་འདས་པ་ཞིག་མ་རེད། གང་ལྟར་བྱ་ཚང་དུ་འགྲན་བསྡུར་ལ་ཞུགས་ཐུབ་པའི་སློབ་མ་ལྔ་པོའི་ཁྲོད་དུ། ཁོང་གི་དབྱངས་རྟ་སྣ་མང་ཤོས་དང་དབྱེ་འབྱེད་ཚད་ཀྱང་མཐོ་ཤོས་རེད། བཀྲ་ཤིས་ཕུན་ཚོགས་ལ་གླུ་ལེན་ནུས་རྩལ་ཇི་ཙམ་ཆེན་པོ་ལྡན་ཡོད་ཅེ་ན། "གླུ་སྒྲ་གསར་པ"ཡི་རོལ་དབྱངས་སྤྱི་ཁྱབ་ལྟ་ཞིབ་པ་ལིའུ་ཀྲུའོ་ཡིས་ལོང་འདེམས་སློབ་མ་ཚང་མ་དངོས་སུ་དཔྱད་འདེམས་བྱས་ཚར་རྗེས། པོད་ཕྲན་སྤེལ་ནས“འདི་ནི་(བཀྲ་ཤིས་ཕུན་ཚོགས་)ད་ལོར་ངས་ཆེས་དགའ་བའི་སློབ་མ་ཞིག་ཡིན་ཞིང་། ཁོང་ལ་མི་མངོན་པའི་ནུས་རྩལ་མང་པོ་མཆིས”ཞེས་བརྗོད་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་གཉིས་པའི་(ཀྲུང་གོའི་གླུ་སྐད་གསར་པ་)རྒྱལ་ཡོངས་ཀྱི་གྲོང་ཁྱེར་སོ་སོར་མང་འདེམས་ཀྱི་བོད་ལྗོངས་འགྲན་ཁུལ་གྱི་འགྲན་བསྡུར་ཐོག་མ་ནི་ཟླ་5ཚེས་7ཉིན་ལྷ་སར་འགྲན་བསྡུར་བྱེད་འགོ་ཚུགས་ཤིང་། ལྗོངས་ཡོངས་སུ་རོལ་དབྱངས་ལ་དགའ་པོ་བྱེད་མཁན་200ལྷག་འགྲན་བསྡུར་ལ་ཞུགས་ཡོད་པ་དང་། ཉིན་འགའི་རིང་ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད། མཐའ་མཇུག་ཏུ་ཕུལ་བྱུང་བ་10བདམས་ཐོན་བྱུང་བ་དང་། བོད་ལྗོངས་འགྲན་ཁུལ་གྱི་ཨང་དང་པོ་ནི་བཀྲ་ཤིས་ཕུན་ཚོགས་རེད།
      

    ཕྱོགས་བསྡུས་གསར་འགྱུར།