འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེ་ལུང་རྒྱལ་སྤྱིའི་བཟའ་བཅའི་དངོས་མང་སྟོན་ཚོགས་འགོ་ཚུགས་ཤིང་ཀྲུང་གོའི་བཟའ་བཅར་
    དགའ་བསུ་ཆེན་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་10ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་བཟའ་བཅའི་ལས་རིགས་འགྲེམས་ཚོགས་ཏེ། ཁེ་ལུང་རྒྱལ་སྤྱིའི་བཟའ་བཅའི་དངོས་མང་སྟོན་ཚོགས་འཇར་མན་གྱི་ཁེ་ལུང་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་ཤིང་། འགྲེམས་ཚོགས་ཀྱིས“འབྱུང་འགྱུར་ལ་བྲོ་བ་ལྟ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ལས་རིགས་ཀྱི་འཕེལ་ཕྱོགས་གསར་པར་དོ་ཁུར་ཆེན་པོ་བྱས་པ་རེད།
         སྐབས་འདིའི་ཁེ་ལུང་རྒྱལ་སྤྱིའི་བཟའ་བཅའི་དངོས་མང་སྟོན་ཚོགས་ལ་གཙོ་བོ་བཟོ་སྟངས་རྙོག་འཛིང་ཆེ་བའི་བཟའ་བཅའ་དང་། འཁྱགས་གཏོང་བཟའ་བཅའ། གྲང་ཉར་བཟའ་བཅའ་དང་བཟའ་བཅའ་སོས་པ། ཤ་རིགས་བཟའ་བཅའ། དཀར་ཆུའི་ཐོན་རྫས་བཟའ་བཅའ། མེན་པའོ། བཏུང་བྱ་ཚ་པོ་སོགས་ཆེད་འགྲེམས་ཁུལ་10ཡོད་པ་དེ་དག་གིས་རྒྱལ་ཁབ་དང་ས་ཁུལ་107གྱི་ཚོང་དུད་7400ལྷག་ཙམ་འགྲེམས་ཚོགས་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་རེད།
         ཀྲུང་གོའི་ཚོང་དུད་འགའ་ཞིག་གིས་གསར་འགོད་པར་རྒྱ་ཟས་ཕྱི་རྒྱལ་དུ་དགའ་བསུ་ཐོབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་དེ་བཞིན་ཀྲུང་གོ་བ་དེ་བས་མང་བ་ཕྱི་རྒྱལ་དུ་བསྐྱོད་པ་དང་སྦྲགས། ཀྲུང་གོའི་བཟའ་བཅའི་བདེ་འཇགས་ལ་ཚོད་འཛིན་ནན་པོ་བྱས་པས་ཀྲུང་གོའི་བཟའ་བཅར་ཕྱི་རྒྱལ་གྱི་ཚོང་པ་མང་པོའི་དགའ་བསུ་ཐོབ་དང་ཐོབ་མུས་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།