འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུད་གཅིག་ལམ་གཅིག·ཀྲུང་གོ་འཕྲད"ཅེས་པའི་རིག་གནས་བྱེད་སྒོ་དེ་སུའེ་ཙེར་གྱི་
    པོའར་ཉི་རུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་10ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་7ཉིན། 2017ལོའི“རྒྱུད་གཅིག་ལམ་གཅིག·ཀྲུང་གོ་འཕྲད”ཅེས་པའི་རིག་གནས་བྱེད་སྒོ་དེ་སུའེ་ཙེར་གྱི་རྒྱལ་ས་པོའར་ཉི་གྲོང་ཁྱེར་གྱི་རྒྱལ་ཕྲན་མཉམ་འབྲེལ་ཐང་ཆེན་དུ་གཟབ་རྒྱས་ངང་གཉེར་ཞིང་། སུའེ་ཙེར་གྱི་ལས་རིགས་ཁག་གི་མི་སྣ་དང་ཡུལ་དེ་གའི་གྲོང་མི་2000ལྷག་བྱེད་སྒོ་དེའི་ནང་ཞུགས་ཡོད།
         ཉིན་དེར་རྒྱལ་ཕྲན་མཉམ་འབྲེལ་ཐང་ཆེན་དུ་ཚོན་མདོག་རྣམ་པར་བཀྲ་བའི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བ་དང་འཁྲུག་ཆ་དོད་ཅིང་། འབྲུག་རྩེད་དང་། སེང་རྩེད། དྲག་རྩལ། དབྱང་ཀོ་ཞབས་བྲོ། བོད་རིགས་ཀྱི་ཞབས་བྲོ། མཚལ་ཕྱུ་མ། མི་རིགས་ཀྱི་རྒྱན་གོས་ངོམ་པ་སོགས་འཁྲབ་ཚན་རེས་མོས་སུ་འཁྲབས་ཤིང་། དེ་དང་ཆབས་ཅིག་ཐང་ཆེན་གྱི་ཕྱོགས་བཞིར་ད་དུང་འགྲེམས་སྟེགས་20ལྷག་བརྒྱབ་ནས་ཀྲུང་གོའི་ཡིག་གཟུགས་དང་མཛེས་རིས། ཀྲུང་གོའི་དཔེ་དེབ། བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན། ཀྲུང་གོའི་ཞིམ་ཟས། ཀྲུང་གོའི་ཇའི་རིག་གནས། ཤོག་དྲས། རོལ་རྩེད། ཀྲུང་ལུགས་གསོ་རིག ཀྲུང་གོའི་སྐད་ཡིག་སློབ་སྦྱོང་། སྲོལ་རྒྱུན་གྱི་རྒྱན་གོས། སྲོལ་རྒྱུན་རོལ་ཆ་སོགས་ལ་བརྟེན་ནས་ཀྲུང་གོའི་འོད་སྟོང་འབར་ཞིང་ལོ་རྒྱུས་རྒྱུན་རིང་ལྡན་པའི་རིག་གནས་མངོན་པར་བྱས་ཡོད་པ་རེད།
         སུའེ་ཙེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀེན་ཝུན་པིན་གྱིས་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་མ་ཟད། བརྗོད་དོན་གཙོ་བོའི་འགྲེམས་སྟེགས་ཁག་གི་མདུན་དུ་ལྟད་མོ་བ་དང་བཀའ་མོལ་གནང་ཞིང་། ཀེན་ཝུན་པིན་གྱིས་མིག་སྔར་ཀྲུང་གོ་དང་སུའེ་ཙེར་དབར་རིག་གནས་སྤེལ་རེས་དང་མི་སྣ་འགྲོ་འོང་ཧ་ཅང་མང་བས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཏག་ཏག་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ད་ལོ་ནི“ཀྲུང་གོ་དང་སུའེ་ཙེར་གྱི་ཡུལ་སྐོར་ལོ”ཡིན་པ་དང་སྔོན་དཔག་ལྟར་ན་ད་ལོ་སུའེ་ཙེར་དུ་ཡུལ་སྐོར་ལ་ཡོང་མཁན་ཀྲུང་གོ་བ་མི་ཐེངས་ཁྲི་150ཟིན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་ཤོས་གཏོད་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་སུའེ་ཙེར་ཕྱོགས་ཀྱིས་བརྡ་ལན་ཧུར་ཐག་ཞུས་ཡོད། ཕྱོགས་གཉིས་ཀྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་འབྲེལ་ཀྲུང་གོ་དང་སུའེ་ཙེར་གྱི་ཁེ་ལས་དང་དམངས་ཚོགས་སྔར་བས་མང་བར་དེ་ནས་ཕན་པ་ཐོབ་རྒྱུ་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།