འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཁུ་ཁུ་ཤིས་རིའི་མངའ་ཁོངས་ཀྱིས་མིང་379བར་མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་10ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་རྒྱལ་ཡོངས་ས་མིང་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པའི་གྲུབ་འབྲས་གཞན་འགྱུར་འོས་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་གཅིག་ལྷག་ཙམ་རིང་ས་མིང་ཡོངས་ཁྱབ་ཞིབ་བཤེར་དང་། རིགས་པས་ཁུངས་སྐྱེལ། ལེགས་སྒྲིག་བཅས་བྱས་པ་བརྒྱུད། ཁུ་ཁུ་ཤིས་རིའི་མངའ་ཁོངས་ཀྱི་དངོས་སུ་མིང་བཏགས་པའི་ས་མིང་379བར་མང་དུ་ཕྱིན་ནས་ཁུ་ཁུ་ཤིས་རིར་ས་ཆ་ཡོད་ཀྱང་མིང་མེད་པ་དང་མིང་ཡོད་ཀྱང་གོ་རྒྱུ་མེད་པའི་གནད་དོན་སྔར་བས་ཐག་གཅོད་བྱས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ཟླ་བཞི་པར། འབྲི་སྟོད་རྫོང་གིས་རྒྱལ་ཡོངས་ས་མིང་ཡོངས་ཁྱབ་ཞིབ་བཤེར་བྱེད་ཐེངས་གཉིས་པའི་ཁུ་ཁུ་ཤིས་རིར་བསྐྱོད་པའི་ལས་དོན་ཚོགས་ཆུང་བཙུགས་ཤིང་། ཚོགས་ཆུང་དེས་ཉིན་15ཡི་རིང་སྤྱི་ལེ་700ལྷག་ཙམ་བསྐྱོད་དེ་མི་མེད་ཁུལ་སྒྲོལ་ནས་ས་མིང་ཡོངས་ཁྱབ་ཞིབ་བཤེར་བྱས་པ་མ་ཟད། ཁུ་ཁུ་ཤིས་རིའི་མངའ་ཁོངས་ཀྱི་ས་མིང་དང་གནས་སྟངས་མི་འདྲ་བ་དང་། ཆ་འཕྲིན་འཐུས་ཚང་མེད་པའམ་ཡང་ན་མིང་གཅིག་མཚུངས་ཡིན་པ། ས་ཆ་གཅིག་ལ་མིང་མང་བ། ས་ཆ་ཡོད་ཀྱང་མིང་མེད་པ་བཅས་ཀྱི་ཆུ་བོ་དང་མཚེའུ་དང་གྲོག་རོང་སོགས་ཀྱི་མིང་བཟོ་བཅོས་དང་། ཁ་གསབ། ཚད་ལྡན་དུ་བཏང་བ་དང་མིང་མེད་པར་མིང་བཏགས་པ་རེད།
         ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཚོགས་ཆུང་གི་རུ་སྣེ་འཁྲིད་མཁན་ཚེ་བཀྲ་ཡིས་ད་ཐེངས་ས་མིང་ཡོངས་ཁྱབ་ཞིབ་བཤེར་བྱེད་རིང་བསོད་ནམས་དར་རྒྱས་ཀྱིས་བཞག་པའི་ཁུ་ཁུ་ཤིས་རིའི་ས་མིང་གི་ལག་བྲིས་དང་། 《གླིང་སྒྲུང་》ནང་གི་ཁུ་ཁུ་ཤིས་རིའི་རི་ཆུའི་མིང་། ཡུལ་ཤུལ་ཀྲོའུ་ཡི་སྲིད་འཛིན་ཁུལ་དབྱེའི་ས་བཀྲ་བཅས་དཔྱད་གཞིར་འཛིན་པ་དང་འབྲེལ་ཁུ་ཁུ་ཤིས་རིར་སྔར་བཞིན་འཚོ་གནས་བྱེད་བཞིན་པའི་འབྲོག་པར་འདྲི་རྩད་བྱས་ཏེ་འབྲེལ་ཡོད་ས་ཆའི་གནས་སྟངས་དང་ཆ་འཕྲིན་དཔྱད་ཞིབ་དང་གཏན་འཁེལ་བྱས་ཡོད་ཅེས་བཤད།
         “ཁུ་ཁུ་ཤིས་རིར་མི་འཚོ་སྡོད་བྱེད་མཁན་ཉུང་ལ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཆ་འཕྲིན་དཀོན་སྟབས། ས་མིང་མང་པོ་ཞིག་ཡུལ་དེ་གའི་འབྲོག་པའི་ཁ་རྒྱུན་དུ་འཇགས་པ་ལས་ཆགས་སྟངས་ཞིབ་ཕྲ་དབྱེ་འབྱེད་ཁག་པོ་ཡོད། དེའི་ནང་ས་མིང་གི་ནང་དོན་དག་མི་རྣམས་སོམ་ཉིའི་དྲ་བར་ཚུད་ཀྱི་ཡོད”འབྲི་སྟོད་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཕུར་བུ་ཚེ་རིང་གིས་ད་ཐེངས་ཡོངས་ཁྱབ་ཞིབ་བཤེར་བྱེད་རིང་སྔར་ཡོད་ཀྱི་ས་མིང་ཚད་ལྡན་དུ་བཏང་བ་དང་། ས་ཁམས་ཀྱི་གནས་སྟངས་གནད་ལ་འཕིགས་པ། ས་མིང་གི་འབྱུང་བའི་ལོ་རྒྱུས་ཤེས་རྟོགས་བཅས་བྱས་ཡོད། ལྷག་དོན་དུ་མིང་གསར་པ་འདོགས་སྐབས་ཡུལ་དེ་གའི་ས་ཁམས་ཁོར་ཡུག་གི་ཁྱད་ཆོས་དང་། ལོ་རྒྱུས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱི་གཏམ་རྒྱུད་དང་ཟུང་འབྲེལ་བྱས་པས། ས་མིང་དེ་དག་མི་རིགས་ལོ་རྒྱུས་ཀྱིས་བདེན་དཔང་དང་། མི་རིགས་རིག་གནས་ཀྱི་དྲན་ཤེས། མང་ཚོགས་ཀྱིས་ཕ་ཡུལ་དྲན་སེམས་ཀྱི་བློ་གཏད་བཅོལ་ས་བཅས་དང་མཐུན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།