འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མོང་གོལ་རྒྱལ་ཁབ་ཀྱི་ཏ་ཧུའུ་ལཱར་ཐོག་ཨེར་བསྟན་དཔའ་དར་གྱི་སྲིད་འཛིན་གོ་གནས་
    དབྱུངས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན། མོང་གོལ་རྒྱལ་ཁབ་ཀྱི་ཏ་ཧུའུ་ལཱར་(གྲོས་ཚོགས་)ཐོག་ཚོགས་མི་མང་ཆེ་བས་སྲིད་འཛིན་ཨེར་བསྟན་དཔའ་དར་གྱི་སྲིད་བློན་གོ་གནས་དབྱུང་རྒྱུར་འདོད་མོས་ཀྱི་འདེམས་ཤོག་འཕངས་པ་དང་། དུས་མཉམ་དུ་སྲིད་གཞུང་ཐོར་བ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་ཁབ་ཀྱི་ཏ་ཧུའུ་ལཱར་གྱིས་ཉིན་དེར་སྤེལ་བའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ།      ཨེར་བསྟན་དཔའ་དར་གྱི་སྲིད་བློན་གོ་གནས་དབྱུང་དགོས་མིན་གྱི་འདེམས་ཤོག་འཕེན་པའི་སྐབས་སུ། འདེམས་ཤོག་འཕེན་མཁན་42ཀྱིས་མོས་མཐུན་བྱས་ཡོད་པ་དང་། 31གིས་ངོ་རྒོལ་བྱས་པ་རེད།  ཚང་འཛོམས་གྲོས་ཚོགས་དང་དུས་མཉམ་དུ་སྲིད་གཞུང་གསར་པའི་རྩ་འཛུགས་མ་བཙུགས་གོང་དུ་ཨེར་བསྟན་དཔའ་དར་གྱིས་སྔར་བཞིན་སྲིད་སྐྱོང་གི་ལས་ཀ་མུ་མཐུད་བྱ་རྒྱུའི་ཐག་གཅོད་པ་རེད། 
         ཟླ་8ཚེས་23ཉིན། མི་དམངས་ཏང་གི་ཏཱ་ཧུའུ་ལཱའི་ཚོགས་མི་30ཡིས་མཉམ་འབྲེལ་བྱས་ནས་ཨེར་བསྟན་དཔའ་དར་གྱི་སྲིད་འཛིན་གོ་གནས་དབྱུང་རྒྱུའི་བསམ་འཆར་བཏོན་པ་རེད། ཁོང་ཚོས་གྲོས་འགོ་བཏོན་པའི་ནང་དུ། ཨེར་བསྟན་དཔའ་དར་གྱིས་སྲིད་གཞུང་གིས་སྒྲིག་གཞི་འདྲ་མིན་དང་འགལ་ཞིང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལས་འགལ་བའི་ནག་ཉེས་ཚབས་ཆེན་བསགས་པ་དང་། ཐ་ན་རྒྱལ་ཁབ་ཏཱ་ཧུའུ་ལའི་དབང་ཆ་ལའང་འགྲན་ཡ་བྱས་ལུགས་དྲངས་ཡོད་པ་རེད། 
         གྲོས་འགོ་བཏོན་པའི་ནང་དུ། ད་ལོའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་འདེམས་བསྐོའི་སྐབས་སུ། མི་དམངས་ཚོས་དམངས་གཙོ་ཏང་ནས་འོས་སྦྱོར་བྱས་པའི་ཙུང་ཐུང་གི་འོས་མི་འོས་སྦྱོར་བྱེད་ཐབས་ཐད་སྲིད་གཞུང་གི་ལས་དོན་ལ་ཡི་མི་རང་ཚུལ་བསྟན་པ་དང་། མི་དམངས་ཏང་གིས་2016ལོའི་རྒྱལ་ཁབ་ཀྱི་ཏཱ་ཧུའུ་ལཱར་འདེམས་བསྐོའི་ཁྲོད་དུ་འགྲན་རྩོད་འདེམས་བསྐོ་ལག་བསྟར་བྱེད་པ་དལ་བས། མང་ཚོགས་ཚོ་ཡི་མ་རང་བ་རེད། 
         ན་ནིང་ལོའི་ཟླ་6ཚེས་29ཉིན་སྤེལ་བའི་མོང་གོལ་རྒྱལ་ཁབ་ཏཱ་ཧུའུ་ལཱར་འདེམས་བསྐོ་ཁྲོད་དུ། མི་དམངས་ཏང་ལ་གཞན་གྱིས་འགྲན་ཐབས་མེད་པའི་རང་བཞིན་ཐོག་ནས་གྲོས་ཚོགས་ཀྱི་གནས་མང་ཆེ་བ་ཐོབ་ཡོད་པ་སྟེ། གྲོས་ཚོགས་ཀྱི་གནས་76ལས་65ཐོབ་ཡོད། ན་ནིང་ལོའི་ཟླ་7ཚེས་8ཉིན། མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཏཱ་ཧུའུ་ལཱར་གྱི་འདེམས་ཤོག་འཕངས་ནས་མི་མང་ཏང་གིས་བཏོན་པའི་ཨེར་བསྟན་དཔའ་དར་གྱིས་མོང་གོལ་གྱི་སྲིད་འཛིན་འགན་བཞེས་རྒྱུའི་ཐག་བཅད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།