འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་ལག་པའི་གཏམ་རྒྱུད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་ལག་པའི་གཏམ་རྒྱུད།
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནི་མཇུག་སྒྲིལ་གྲབས་ཡོད་ཅིང་། རྒྱལ་ཕམ་བྱུང་སྐབས་ཀྱི་སྐད་གསང་མཐོན་པོ་དང་སྣང་བ་མི་སྐྱིད་པ་དང་། དགོད་སྒྲ་དང་མིག་ཆུ་བཅས་ཚང་མ་ལྷིང་འཇགས་སུ་འགྲོ་རྒྱུ་རེད། སྣང་ཚུལ་དེ་དག་ཕུད་སྐུ་ཉིད་ཀྱིས་འགྲན་རའི་ཐོག་གི་སྐད་སྒྲ་མེད་པའི་གནས་ཚུལ་ཞིབ་ཕྲ་ཞིག་ལ་དོ་སྣང་བྱས་མྱོང་ངམ། ལག་པ་སྟེ་ལུས་རྩལ་པའི་འགྱིག་རས་དཀྲིས་པའི་ལག་པ་དང་། རྒྱུད་པ་དང་རུས་པ་གསལ་བའི་ལག་གཉིས་ནི་ལུས་རྩལ་པ་དང་འགྲན་བསྡུར་ཡོ་ཆས"སྦྲེལ་མཐུད་ས"ཡིན་ལ། ཁོང་ཚོས་རྩལ་ཁྲིད་པ་དང་། མཛའ་གྲོགས། གཟིགས་མོ་བ་ཚོ་དང་འབྲེལ་གཏུག་བྱེད་པའི་སྦྲེལ་ལམ་ཡང་ཡིན་ཞིང་། དེའི་ཁྲོད་ནས་ཁོང་ཚོའི་འགྲན་བསྡུར་བྱེད་སྐབས་འབད་བརྩོན་བྱེད་ཚུལ་དང་། རྒྱལ་ཁ་ཐོབ་སྐབས་དཔའ་ངར་རྒྱས་པ། འགྲན་གྲོགས་བར་གྱི་མ་གྲོས་མོས་མཐུན། རྩལ་ཁྲིད་པར་ཡིད་ཆེས་པ། གཟིགས་མོ་བ་ཚོ་དང་ཕན་ཚུན་སྐུལ་འདེད་བྱེད་པ་ལ་སོགས་པ་གསལ་པོར་མངོན་པས། ལག་པའི་ཐོག་ནས་འགྱུར་བ་འདྲ་མིན་སྣ་ཚོགས་མངོན་ཐུབ་ལ། ལག་པའི་གཏམ་རྒྱུད་ཀྱང་ངོ་མཚར་ཆེ་བ་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་ལག་པའི་གཏམ་རྒྱུད།
      

    ཕྱོགས་བསྡུས་གསར་འགྱུར།