འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་འབྲིང་རམས་པ་དང་མཚན་རམས་པའི་བསླབ་
    གནས་སྤྲོད་པའི་མཛད་སྒོ་སྐབས་དང་པོ་བདེ་ཆེན་ཁུལ་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡུན་ནན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་འབྲིང་རམས་པ་དང་མཚན་རམས་པའི་བསླབ་
གནས་སྤྲོད་པའི་མཛད་སྒོ་སྐབས་དང་པོ་བདེ་ཆེན་ཁུལ་དུ་སྤེལ་བ།
             མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན། ཡུན་ནན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་འབྲིང་རམས་པ་དང་མཚན་རམས་པའི་བསླབ་གནས་སྤྲོད་པའི་མཛད་སྒོ་སྐབས་དང་པོ་བདེ་ཆེན་ཁུལ་དུ་སྤེལ་བ་དེས་བོད་བརྒྱུད་ནང་བསྟན་གྱི་བསླབ་གནས་སློབ་གསོའི་མ་ལག་སྐྱོང་བ་མུ་མཐུད་འཐུས་ཚང་དང་ཤུགས་སྣོན་བརྒྱབ་པ་མཚོན་ཡོད་པ་རེད།
           ཤེས་རྟོགས་བྱུང་གསལ་དུ། དེ་སྔོན། ཉིན་གསུམ་ཀྱི་རིང་ལ་ཆོས་གཞུང་གི་ཤེས་བྱ་དང་། སྐབས་བབ་ཆབ་སྲིད། མཚན་ཉིད་བཅས་ཀྱི་རྒྱུགས་བཏང་ཡོད་ལ། བདེ་ཆེན་དང་། འཇང་། ནུའུ་ཅང་སོགས་ཀྱི་རྫོང་དང་གྲོང་ཁྱེར་ནང་གི་དགེ་འདུན་135ཡི་ཁྲོད་ལས་དགེ་འདུན་65ལ་འབྲིང་རམས་པའི་བསླབ་གནས་ཐོབ་པ་དང་། དགེ་འདུན་24ལ་མཚན་ཉིད་རམས་འབྱམས་པའི་བསླབ་གནས་ཐོབ་ཡོད་པ་མ་ཟད། བསླབ་གནས་དཔང་ཡིག་སྤྲོད་པའི་མཛད་སྒོའི་ཐོག་བསླབ་གནས་དཔང་ཡིག་སྤྲད་པ་རེད།
            ཞིང་ཆེན་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་འཛིན་གཞོན་པ་ཞིང་ཆེན་ཨུ་ལྷན་བོད་ཁུལ་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་འགོ་འཛིན་དབྱང་ཀོང་ཧའེ་དང་། བདེ་ཆེན་ཁུལ་གྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་འཛིན་མེའོ་ཡིའུ་ཧྥ། བདེ་ཆེན་ཁུལ་མི་དམངས་འཐུས་ཚོགས་ཀྱི་འགོ་འཛིན་གཞོན་པ་ཞུའོ་ཝུའུ། བདེ་ཆེན་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཤར་རྩེ་བསྟན་འཛིན་ཆོས་འཕེལ། བདེ་ཆེན་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའོ་ཁྲུང་ཞན། དེ་བཞིན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་དང་། ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི། འཇང་གྲོང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ། མི་རིགས་ཆོས་ལུགས་ཨུ་ལྷན། ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི། བདེ་ཆེན་ཁུལ་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ། མི་རིགས་ཆོས་ལུགས་ཨུ་ལྷན། ནང་བསྟན་སློབ་གླིང་གི་ལས་བྱེད་ལས་བཟོ་ཚང་མ་བསླབ་གནས་སྤྲོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།
           དབྱང་ཀོང་ཧའེ་ཡིས་བསླབ་གནས་སྤྲོད་པའི་མཛད་སྒོའི་ཐོག་ཏུ། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་བྱེད་མི་སྣས་གཡོ་འགུལ་མེད་པར་ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་སྲིད་ཇུས་ལག་ལེན་དོན་འཁྱོལ་ཡང་དག་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཞི་བདེ་བརྟན་ལྷིང་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་པའི་རེ་བ་ཡོད་ཅེས་བསྟན་པ་རེད།
            མེའུ་ཡིའུ་ཧྥ་ཡིས་བདེ་ཆེན་ཁུལ་གྱི་སློབ་གྲྭའི་རྒྱུགས་ལེན་གྱི་འབྲེལ་ཡོད་སྡེ་ཁག་གིས་བསླབ་གནས་རྒྱུགས་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས་ཏེ་རང་ཉིད་ཀྱི་ལས་ཀ་བྱེད་ཤུགས་དང་བསླབ་གནས་དཔྱད་འཇོག་གི་སྤུས་ཚད་ཇེ་ལེགས་སུ་བཏང་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་བྱེད་མི་སྣའི་དམའ་རིམ། འབྲིང་རིམ། མཐོ་རིམ་གྱི་བསླབ་གནས་རྗེས་སྤོར་གྱི་ཁྲོད་ནས་རང་ཉིད་ཀྱི་ནུས་ཤུགས་འདོན་དགོས་པའི་རེ་བ་བཏོན་པ་རེད།
             བོད་བརྒྱུད་ནང་བསྟན་གྱི་བསླབ་གནས་ལ་དམའ་འབྲིང་མཐོ་གསུམ་ཡོད་དེ། དེ་དག་ནི་འབྲིང་རམས་པ་དང་། མཚན་ཉིད་རབ་འབྱམས་པ། མཐོ་རམས་པ་བཅས་རེད། 2003ལོར། རྒྱལ་ཁབ་ཆོས་ལུགས་ཅུད་ལས་དོན་ཅུད་ཀྱིས་བོད་བརྒྱུད་ནང་བསྟན་གྱི་དོན་དངོས་ཀྱི་རྣམ་པར་གཞིགས་ཏེ་བོད་ཁུལ་གྱི་ཆོས་ལུགས་ལས་རིགས་དང་ཆེད་མཁས་པས་ཞིབ་འཇུག་གྲོས་འགོ་བཏོན་པ་དང་སྦྲེལ་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་བོད་བརྒྱུད་ནང་བསྟན་གྱི་བསླབ་གནས་ལམ་ལུགས་གསར་པ་བཙུགས་པ་རེད།
            བསླབ་གནས་ལམ་ལུགས་གསར་པ་ནི་སྲོལ་རྒྱུན་གྱི་སློབ་གཉེར་ལམ་ལུགས་ཀྱི་རྨང་གཞི་ཐོག་རྣམ་པ་གསར་པའི་བསླབ་གནས་སློབ་གསོ་དང་སློབ་གནས་རིམ་སྤར་གྱི་མ་ལག་བཟོས་པས། འདི་ནི་དུས་སྐབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་གསོ་སྐྱོང་གི་ཐབས་ལམ་གསར་པ་འཚོལ་སྙེགས་དང་བྱ་ཐབས་གསར་པ་ཡིན་ལ། འདི་ནི་སྲོད་རྒྱུན་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་སློབ་གཉེར་སྲོལ་རྒྱུན་དང་སློབ་གནས་རྒྱུགས་ལེན་གྱི་ལོ་རྒྱུས་རྨང་གཞི་ཐོག དེང་རབས་སློབ་གསོ་ཡི་བྱ་ཐབས་གསར་པ་བསྲེས་ཡོད་པ་རེད།
            ཀྲུང་གོའི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུད་ཀྱིས་2015ལོར་《བོད་བརྒྱུད་ནང་བསྟན་གྱི་བསླབ་གནས་སྤྲོད་ཐབས་(ཚོད་ལྟ)ཁྱབ་སྤེལ་གྱི་གཏན་འབེབས་བྱས་ཡོད་ལ།  འབྲིང་རམས་དང་མཚན་ཉིད་རབ་འབྱམས་པའི་བསླབ་གནས་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱིས་གཉེར་བའི་བོད་བརྒྱུད་ནང་བསྟན་གྱི་སློབ་གླིང་དུ་སྤྲད་ཆོག་པ་རེད། ཡུན་ནན་ཞིང་ཆེན་གྱི་མཚན་ཉིད་རབ་འབྱམས་པ་དང་། འབྲིང་རམས་པའི་བསླབ་གནས་སྤྲོད་པའི་བྱེད་སྒོ་སྐབས་དང་པོ་སྤེལ་བ་ནི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་བླང་བྱ་དང་བསྟུན་ཡོད་པ་མ་ཟད། དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོར་ཡང་བསྟུན་ཡོད་པས། བོད་བརྒྱུད་ནང་བསྟན་གྱི་རིམ་མཐོའི་མི་སྣ་གསོ་སྐྱོང་བྱེད་པ་སོགས་ཀྱི་ཕྱོགས་ནས་སྐུལ་འདེད་བྱས་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་པ་རེད།
    ༄༅།།ཡུན་ནན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་འབྲིང་རམས་པ་དང་མཚན་རམས་པའི་བསླབ་
གནས་སྤྲོད་པའི་མཛད་སྒོ་སྐབས་དང་པོ་བདེ་ཆེན་ཁུལ་དུ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།