འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་རྒྱ་ཕྱི་ནང་གི་གསར་འགོད་པར་སྤྲོ་སེམས་འཁོར་
    བའི་ངང་ནས་བསུ་བ་ཞུ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་ལ་ཉེ་བ་དང་། ཚོགས་ཆེན་ཐོག་རྒྱལ་ཕྱི་རྒྱལ་ནང་གི་གསར་འགོད་པ་ཚོར་སྤྲོ་སེམས་ཆེན་པོའི་ངང་ནས་བསུ་བ་ཞུ་རྒྱུ་ཡིན་པ་རེད།
         ཕྱི་རྒྱལ་གྱི་སྨྱོན་སྦྱོར་ཁང་གི་གསར་འགོད་པ་དང་ཤང་ཀང་། ཨའོ་མོན་གྱི་གསར་འགོད་པས་གསར་འགོད་ཀྱི་རེ་བར་སྟབས་བདེ་བསྐྲུན་ཆེད། ཚོགས་ཆེན་ཐོག་གསར་འགོད་པའི་མིང་ཐོ་འགོད་སའི་མ་ལག་(གནས་མིང་།http://cpc19reg.zgjx.cn)ཤར་གཏོང་བྱས་ནས། ཕྱི་རྒྱལ་གྱི་གསར་འགོད་པ་དང་ཤང་ཀང་། ཨའོ་མོན་གྱི་སྨྱན་སྦྱོར་ཁང་གི་གསར་འགོད་པས་མ་ལག་འདི་བརྒྱུད་ནས་མིང་ཐོ་འགོད་པར་རེ་ཞུ་གནང་ཆོག 
         གསར་འགོད་པའི་ཞུ་བ་བདག་སྤྲོད་བྱེད་ཡུན་ནི་2017ལོའི་ཟླ་9ཚེས་8ཉིན་ནས་2017ལོའི་ཟླ་9ཚེས་25ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་རེད།
         རྒྱལ་ཕྱི་རྒྱལ་ནང་གི་གསར་འགོད་པར་གསར་འགོད་སྟབས་བདེ་བསྐྲུན་ཆེད། ཚོགས་ཆེན་ཐེངས་བཅུ་དགུ་པའི་སྐབས་སུ་པེ་ཅིང་དུ་ཚོགས་ཆེན་གྱི་གསར་འགྱུར་ལྟེ་གནས་འཛུགས་རྒྱུ་ཡིན་པ་དང་། གསར་འགྱུར་ལྟེ་གནས་ཀྱིས་ཚོགས་ཆེན་ཐེངས་བཅུ་དགུ་པར་བཅའ་འདྲིར་ཡོང་བའི་རྒྱལ་ཕྱི་ནང་གི་གསར་འགོད་པ་ཚོར་སྣེ་ལེན་གྱི་འགན་འཁུར་རྒྱུ་དང་། གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དང་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྒྲིག་འཛུགས་བྱས་ནས། རྒྱལ་ཕྱི་རྒྱལ་ནང་གི་གསར་འགོད་པའི་བྱེད་སྒོ་བཀོད་སྒྲིག་གི་འབྲེལ་བ་བྱ་རྒྱུ་མ་ཟད། ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱི་གཞུང་གི་དྲ་ཚིགས་དང་འཕྲིན་ཕྲན་སྟེགས་བུ་བཙུགས་ནས། གསར་འགོད་པས་ཚོགས་ཆེན་ཐེངས་བཅུ་དགུ་པའི་གནས་འཕྲིན་སྤེལ་བར་ཆ་འཕྲིན་གྱི་ཞབས་ཞུ་དང་ལག་རྩལ་འགན་སྲུང་དགོས་ངེས་འདོན་སྤྲོད་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།