འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི་ནང་གི་ལིའུ་ཁྲང་ཁའེ་རྒྱལ་ནང་དུ་ལོག་
    ནས་རང་ཉེས་ངོས་ལེན་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་02ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་བའི་ཐོག་གནས་ཚུལ་སྤེལ་བར། ཀྲུང་དབྱང་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་དོན་ཁང་གི་སྤྱི་འདོམས་མཐུན་སྦྱོར་འོག་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་དང་པེ་ཅིང་གྲོང་ཁྱེར་བྲོས་འདེད་གཞུང་ལས་ཁང་དང་མཉམ་ལས་དམ་ཟབ་བྱས་ཏེ“འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”ནང་གི་ཨང་19པ་ལིའུ་ཁྲང་ཁའེ་རྒྱལ་ནང་དུ་ལོག་ནས་རང་ཉེས་ངོས་ལེན་ཞུས་པ་རེད། དེ་ནི“འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི”ནང་གི་གྱོད་གཞི་ཨང་44པ་དེ་ཡིན་པ་རེད།
           ལིའུ་ཁྲང་ཁའེ། སྐྱེས་པ། 1961ལོའི་ཟླ་4ཚེས་24ཉིན་སྐྱེས་པ་དང་པེ་ཅིང་ལི་ཡོན་རླངས་འཁོར་སློབ་གྲྭའི་སློབ་སྤྱི་རེད། ཁ་བསླུས་ཀྱི་ཉེས་པ་བསགས་རྗེས་1999ལོའི་ཟླ་བ་བཅུ་པར་བྲོས་བྱོལ་ལ་ཕྱིན་པ་དང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་གིས་ཨང་རྟགས་A—635/7—2000གི་འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བ་རེད།
            ལིའུ་ཁྲང་ཁའེ་ནི་ན་ནིང་པེ་ཅིང་གྲོང་ཁྱེར་གྱིས་རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་བ་དང་བྲོས་འདེད་དངུལ་འདེད་ལས་དོན་གྱི་ཆེད་དོན་སྟོབས་ཤུགས་ལ་ཤུགས་སྣོན་བརྒྱབ་རྗེས་བྲོས་འདེད་བཏང་བའི“འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”ནང་གི་དང་པོ་དེ་རེད། ལིའུ་ཁྲང་ཁའེ་བཟུང་པ་ལས“བྲོས་མཁན་རྣམས་ངེས་པར་དུ་བྲོས་འདེད་མཐའ་གཅིག་ཏུ་གཏོང་བའི”ཀྲུང་དབྱང་གི་རུལ་རྒོལ་ཆོད་སེམས་བརྟན་པོ་གང་ལེགས་མངོན་ཡོད་ལ། “ཕྱི་རྒྱལ་ནི་ཁྲིམས་ལས་གཡོལ་ས་མིན་པ”སླར་ཡང་ར་སྤྲོད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།