འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཆན་ཧྥུའུ་110ཟིན་པའི་ལྷོ་བྲག་གི་གློག་འདྲེན་གཏོང་སྐུད་ལམ་IIསྣ་དཀར་རྩེ་དུམ་བུ་
    ཁྱོན་ཡོངས་ནས་ཁྲིད་ཚར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་02ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཆན་ཧྥུའུ་110ཟིན་པའི་ལྷོ་བྲག་གི་གློག་འདྲེན་གཏོང་སྐུད་ལམ་IIསྣ་དཀར་རྩེ་དུམ་བུ་
ཁྱོན་ཡོངས་ནས་ཁྲིད་ཚར་བ།
            མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་8ཚེས་27ཉིན་ས་བབ་སྨི་5200ལྷག་ཙམ་ཟིན་པའི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་ཁོངས་སུ་རྒྱལ་ཁབ་གློག་དྲ་ཨན་ཧུའེ་ཞིང་ཆེན་གློག་ཤུགས་ཀུང་སི་དང་ཧུའུ་པེ་ཞིང་ཆེན་གློག་གཏོང་གློག་སྒྱུར་ལས་གྲྭ་ཀུང་སིའི་ཨར་ལས་མི་སྣས་གློག་སྐུད་ཁྲིད་བཞིན་ཡོད། ཉིན་དེར་ས་བབ་སྨི་5200ལྷག་ཙམ་ཡོད་པའི་ཆན་ཧྥུའུ་110ཟིན་པའི་ལྷོ་བྲག་གི་གློག་འདྲེན་གཏོང་དང་གློག་སྒྱུར་ལས་གྲྭ་IIསྣ་དཀར་རྩེ་དུམ་བུའི་གློག་གཏོང་སྐུད་ལམ་ཁྱོན་ཡོངས་ནས་ཁྲིད་ཚར་ནས་འདི་ལོའི་ཟླ་9ཚེས་30ཉིན་དྲ་སྦྲེལ་གློག་གཏོང་འགན་ལེན་ཐད་རྨང་གཞི་བཏིང་ཡོད། གློག་གཏོང་ལས་གྲྭ་དེ་2017ལོའི་ཟླ་4པར་འགོ་བཙུགས་པ་དང་དེའི་སྣེ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་ཆན་ཧྥུའུ་110ཟིན་པའི་གློག་སྒྱུར་ས་ཚིགས་ནས་བཙུགས་པ་དང་དེའི་མཇུག་ལྷོ་བྲག་རྫོང་གི་ཆན་ཧྥུའུ་110ཟིན་པའི་གློག་སྒྱུར་ས་ཚིགས་ནས་བསྡུས་ཏེ་སྐུད་ལམ་གྱི་རིང་ཚད་ལ་སྤྱི་ལེ་103ཡོད། ལས་གྲྭ་བསྐྲུན་ཟིན་རྗེས་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རོགས་རམ་དང་བོད་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།