འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་སློབ་གྲྭ་ཆེ་མོ་བ་ཁྲི་བརྒྱ་ལྷག་ཙམ་གྱིས་དམག་མིར་ཐོ་འགོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་02ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་21ཉིན་བར། 2017ལོའི་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བ་དམག་སྐུལ་དང་བླངས་ཀྱིས་དམག་ཞུགས་ཐོ་འགོད་བྱས་པའི་མི་གྲངས་ཁྲི་107.8ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་མི་ཁྲི་5.7མང་དུ་སོང་བ་དང་འཕར་ཚད་5.58%ཟིན་ཡོད། སློབ་གྲྭ་ཆེ་མོ་བ་སྔར་བས་མང་བ་ཞིག་གིས་རྒྱལ་སྲུང་ལ་ཞུགས་པ་དང་མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུ་ནི་ལང་ཚོའི་གདམ་ག་དང་རིན་ཐང་དོན་གཉེར་བྱ་ཡུལ་དུ་བརྩི་གི་ཡོད། འདི་ནི་གསར་འགོད་པས་ཉིན་ཤས་གོང་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པ་ཞིག་རེད།
              ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་པུས་ཀྲུང་དབྱང་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུའུ་དང་མཉམ་དུ་སྲིད་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བ་དང་དྲིལ་བསྒྲགས་སྐུལ་སློང་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་དང་། དམག་མི། སློབ་མ། སློབ་གསོ་བཅས་ལ་ཕན་པའི་སློབ་ཆེན་སློབ་མ་དམག་མིར་ཞུགས་པའི་དོན་ཆེན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་སྟེ། གཅིག་ནས་རྒྱལ་སྲུང་སློབ་གསོ་དང་དྲིལ་བསྒྲགས་སྐུལ་སློང་ལ་ཤུགས་སྣོན་བརྒྱབ་ཅིང་། 2017ལོའི་རྒྱལ་ཡོངས་ཀྱི་དམག་བསྡུའི་དྲིལ་བསྒྲགས་སློབ་གསོ་མཐོ་སློབ་ཏུ་སྤེལ་བའི་མཛད་སྒོ་འཚོགས་པ་དང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བའི་དམག་བསྡུའི་ལས་དོན་གྱི་དྲ་རྒྱའི་བརྙན་ལམ་ཚོགས་འདུ་འཚོགས་ནས། དམག་དཔུང་དང་ས་གནས་དབར་ཟུང་འབྲེལ་དམ་ཟབ་བྱས་ཏེ། 2017ལོའི་སློབ་ཆེན་སློབ་མའི་དམག་བསྡུའི་ལས་དོན་བཀོད་སྒྲིག་བྱས་ཡོད། ས་གནས་ཁག་དང་མཐོ་སློབ་ཁག་གིས“སྲིད་ཇུས་བློ་འདྲིའི་གཟའ་འཁོར”དང“དམག་བསྡུའི་དྲིལ་བསྒྲགས་ཟླ་བ”སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་སློབ་མ་གསར་པ་ཚང་མར་དམག་ཚུད་བརྡ་ཐོ་བསྐུར་བ་དང་སྦྲགས་《སློབ་གྲྭ་ཆེ་མོ་བ་མ་སྐུལ་དང་བླངས་ཀྱིས་དམག་ཞུགས་དྲིལ་བསྒྲགས་ཡི་གེ་》ཡང་བསྐུར་ཏེ་དམག་བསྡུའི་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་། གཉིས་ནས་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཤིང་། ས་གནས་ཁག་དང་མཐོ་སློབ་ཁག་གིས་ད་ཡོད་ཀྱི་སློབ་གྲྭ་ཆེ་མོ་བ་དམག་མིར་ཞུགས་རྒྱུར་སྐུལ་ལྕག་བྱེད་པའི་སྲིད་ཇུས་བྱེད་ཐབས་ལ་ནན་ཏན་ངང་དབྱེ་ཞིབ་བྱས་ནས་རིམ་གྱིས་དོན་འཁྱོལ་བྱས་པ་དང་། དམག་ཁོངས་ནས་འཐེན་པའི་སློབ་གྲྭ་ཆེ་མོ་བ་ཆེད་དོན་རབ་འབྱམས་པའི་ཞིབ་འཇུག་སློབ་མར་བསྡུ་བའི་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་པ། མཐོ་སློབ་ཀྱི་དམག་བསྡུའི་ལས་དོན་ས་ཚིགས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས“སྒྲིག་གཞི་དང་། མི་སྣ། འགྲོ་གྲོན། བསྡུ་ཡུལ”བཅས་སུ་དོན་འཁྱོལ་ཏན་ཏིག་བྱས་པ། གསུམ་ནས་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཤིང་། དབྱར་གསེང་རིང་མཐོ་སློབ་ཁག་གིས་ཆེད་མི་ལས་རེས་ལ་བཀོད་སྒྲིག་བྱས་ཏེ་སློབ་གྲྭ་ཆེ་མོ་བའི་སྔོན་གཏན་འཁེལ་བའི་དམག་མིའི་ལས་དོན་ཁག་ཡག་པོ་བསྒྲུབས་པ། མཐོ་སློབ་སློབ་ཐོན་སློབ་མར་སློབ་ཡོན་ཁ་གསབ་དང་དམག་ཁོངས་ནས་ཕྱིར་ལོག་རྗེས་ཀྱི་ལས་ཞུགས་མཛུབ་ཁྲིད་སོགས་ཀྱི་ཞབས་ཞུ་དོན་འཁྱོལ་ཡག་པོ་བྱས་ཏེ་སློབ་མ་གསར་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མར་སློབ་ཞུགས་ཐོབ་ཐང་དང་སློབ་རིམ་སྤོར་བ་སོགས་ཀྱི་ཞབས་ཞུ་དོན་འཁྱོལ་ཡག་པོ་བྱས་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་ཞབས་ཞུ་དོན་ཐོག་ཏུ་འཁྱོལ་བ་འགན་ལེན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།