འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲང་ཁྲུན་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཁབ་བསྒྲལ་བའི་གློག་འཕྲིན་ཁ་བསླུས་གྱོད་གཞི་ཆེན་པོ་
    ཞིག་རྩད་ཆོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་02ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཁྲང་ཁྲུན་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་ཁྲང་ཁྲུན་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཁབ་བསྒྲལ་བའི་གློག་འཕྲིན་ཁ་བསླུས་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་རེད།
            ཟླ་8ཚེས་8ཉིན། ཁྲང་ཁྲུན་གྲོང་ཁྱེར་ཧྲོང་དབྱང་ཆུས་སུ་གློག་འཕྲིན་ཁ་བསླུས་གྱོད་གཞི་ཞིག་ཐོན་པ་རེད། ལི་ཆེ་གེ་མོས་དྲ་ཐོག་ནས་ཧྲང་ཧའེ་ཡི་གྲངས་ཉུང་དངུལ་བུན་ཀུང་སི་ཞིག་དང་འབྲེལ་བ་བྱས་ཏེ་དངུལ་བུན་གཡར་སྐབས་མི་དམངས་ཤོག་སྒོར་6000ཁ་བསླུས་ཐེབས་རྗེས་དུག་བཏུངས་ནས་རང་ཤི་བརྒྱབ། གྱོད་གཞི་ཐོན་རྗེས་ཁྲང་ཁྲུན་ཉེན་རྟོག་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ“8·08”གློག་འཕྲིན་ཁ་བསླུས་གྱོད་གཞིའི་ཆེད་དམིགས་གྱོད་དོན་ཚོགས་ཆུང་བཙུགས་པ་རེད། རྩད་ཞིབ་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་ནི་ཉེས་གསོག་ཚོགས་པ་ཞིག་ཡིན་པ་དང་ཉེ་དུས་ཡུན་ནན་གྱི་ཀྲུང་གོ་དང་འབར་མའི་མཐའ་མཚམས་ཉེ་འགྲམ་དུ་གབ་ཡོད། སྤྱི་བདེ་པུའུ་དང་དེ་བཞིན་ཅིས་ལིན་དང་ཡུན་ནན་ཞིང་ཆེན་གཉིས་ཀྱི་ས་མཚམས་འགྲོ་འོང་སྡེ་ཚན་དང་མཐུན་སྦྱོར་བྱས་པ་བརྒྱུད། འབར་མའི་ཝ་པང་ཉེན་རྟོག་ཕྱོགས་ཀྱིས་ཆེད་དམིགས་གྱོད་དོན་ཚོགས་ཆུང་འབར་མའི་ས་ཁོངས་སུ་འཛིན་བའི་བྱ་སྤྱོད་སྤེལ་རིང་ཞུགས་ཆོག་པའི་མོས་མཐུན་བྱས་པ་རེད།
          ཟླ་8ཚེས་24ཉིན་གྱི་སྔ་དྲོ་ཆེད་དམིགས་གྱོད་དོན་ཚོགས་ཆུང་གིས་འབར་མའི་ས་ཁོངས་ཀྱི་ནག་ཚང་གཉིས་སུ་གབ་པའི་ཀྲུང་གོ་ནས་ཡིན་པའི་ནག་ཚོགས་ཁོངས་མི་10བཟུང་པ་དང་ས་གནས་ས་ཐོག་ནས་དཔང་རྟགས་འབོར་ཆེན་ཞིག་ཐོབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཚོགས་དེས་2013ལོའི་ཟླ་དང་པོ་ནས་གྱོད་གཞི་དེ་ཐོན་པའི་བར་བསྡོམས་ནག་ཉེས་235བསགས་པ་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་24བསྒྲལ་བ་དང་གྱོད་འབྲེལ་མ་དངུལ་སྒོར་ཁྲི་360ལྷག་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།