འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཛ་དྲག་བརྡ་ཐོ་བཏང་སྟེ་ཞིང་པ་ལས་མིའི་གླ་ཆ་སྤྲོད་ཐུབ་པའི་འགན་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་02ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་《མིག་སྔའི་ཞིང་པ་ལས་མིའི་གླ་ཆ་སྤྲོད་ཐུབ་པའི་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ་》པར་འགྲེམས་བྱས་ཏེ་ཞིང་པ་ལས་མིའི་གླ་ཆ་སྤྲོད་རིང་ཐོན་པའི་གནད་དོན་གྲལ་བཤེར་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
            《བརྡ་ཐོ་》ཡི་ནང་བླང་བྱ་བསྟན་དོན། ས་གནས་ཁག་གིས་ཞིང་པ་ལས་མིའི་གླ་ཆ་གཙང་བཤེར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་དང་ཞིང་པ་ལས་མིར་ཐག་ཉེ་ས་དང་གནས་དེ་རང་དུ་ཁྲིམས་བཞིན་ཁེ་དབང་སྲུང་སྐྱོང་ཁྲིད་སྟོན་བྱེད་དགོས་པ་དང་། དྲ་སྦྲེལ་སོགས་སྨྱན་སྦྱོར་སྣ་ཚོགས་ཀྱིས་བཏོན་པའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འཕྲལ་མར་བརྟག་ཞིབ་ཐག་གཅོད་བྱེད་པ་དང་འབྲེལ། གཏན་འབེབས་གཞིར་བཟུང་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ་གླེང་ཕྱོགས་ཀྱི་རང་འགུལ་དབང་ཆ་ཁོང་དུ་ཆུད་པ་བྱས་ནས་མ་རུང་ཁོག་བཅངས་ཀྱི་སྦིར་སྒྲོག་བཟོ་རྒྱུ་སྔོན་འགོག་བྱེད་དགོས་པ། དོན་དངོས་མིན་པའི་འཕྲིན་སྤེལ་ལ་རང་འགུལ་ངང་གསལ་བརྡ་གཏོང་བ་དང་དུས་ཐོག་ཏུ་ལན་བསློགས་ནས་དོན་དངོས་གསལ་པོ་བཟོ་དགོས་པ། མ་རུང་ཁོག་བཅངས་ཀྱི་སྦིར་སྒྲོག་བཟོས་ནས་ཤུགས་རྐྱེན་ངན་པ་བཟོས་རིགས་ལ་གསར་འགྱུར་གཙོ་གཉེར་སྡེ་ཚན་དང་དུས་ཐོག་ཏུ་མཐུན་སྦྱོར་བྱས་ཏེ་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ། ཁོངས་གཏོགས་ཁུལ་གྱིས་ལྟ་སྐུལ་དོ་དམ་བྱས་ཏེ་ལས་དོན་ཁག་གི་བྱེད་ཐབས་དང་ལས་ཀའི་བླང་བྱ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས་པ། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བ་དང་ལས་དོན་སྒྲིག་འཛུགས་གནད་ལ་མ་འཁེལ་བའི་རིགས་ལ་འབྲེལ་ཡོད་འགོ་ཁྲིད་དང་འགན་འཁུར་མི་སྣའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ། ཁོངས་གཏོགས་ཁུལ་གྱི་མི་སྤྱོད་ཚན་པ་དང་ཁེ་ལས་ལ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་གསར་འཛུགས་དང་སྐྲུན་བཞིན་པའི་ལས་གྲྭའི་ལས་མི་སྤྱོད་ཚུལ་དང་། ཞིང་པ་ལས་མིའི་གླ་ཆའི་འགན་ལེན་དངུལ་འཇལ་སྤྲོད་བྱས་ཚུལ། ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་གནས་ཚུལ་སོགས་ཀྱི་ཆ་འཕྲིན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ་གླ་ཆ་འགྱངས་ཆད་གྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ཐོན་མ་ཐག་གྲལ་བཤེར་དང་ཐག་གཅོད་བྱེད་དགོས་པ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།