འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱིས་ཁུར་པན་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་འཚོགས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་02ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན། ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱིས་པེ་ཅིང་དུ་སྣེ་ལེན་ཚོགས་འདུ་འཚོགས་ཏེ་དབྱི་སི་ལམ་ཆོས་ལུགས་ཀྱི་སྲོལ་རྒྱུན་དུས་ཆེན་ཁུར་པན་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཨའེ་ལི་ཀེང·དབྱི་མིང་པ་ཧའེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲེང་ཝུའེ་དང་མཱ་པིའོ་སོགས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་གནང་བ་རེད།
           ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཧྥ་མིང་གིས་སྣེ་ལེན་ཚོགས་འདུའི་ཐོག་ཤིས་ཚིག་བརྗོད་ཅིང་། ཁོང་གིས་ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱི་ཚབ་ཞུས་ནས་རྒྱལ་ཡོངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མུ་སི་ལིམ་ཕུ་ནུ་ལྕག་སྲིང་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་འཛམ་གླིང་ཞི་བདེ་ལྷིང་འཇགས་ཡོང་བའི་སྨོན་འདུན་ཞུས་པ་རེད། ཁོང་གིས་ལོ་གཅིག་གི་རིང་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་དབྱི་སི་ལམ་ཆོས་ལུགས་ལས་རིགས་ཀྱི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་དང་། རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ། རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གསོ་ཤུགས་ཆེན་སྤེལ་བ། དབྱི་སི་ལམ་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་པ། དབྱི་སི་ལམ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོ་སྲ་བརྟན་འཕེལ་རྒྱས་དང་རང་རྒྱལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་སྲུང་སྐྱོང་ལ་དགེ་མཚན་ལྡན་པའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད།
          ཀྲུང་གོར་བཅའ་སྡོད་དབྱི་སི་ལམ་རྒྱལ་ཁབ་ཀྱི་གཞུང་ཚབ་པ་40ལྷག་ཙམ་དང་། པེ་ཅིང་དུ་ཡོད་པའི་ཕྱི་རྒྱལ་གྱི་མུའུ་སི་ལིན་རིགས་གཅིག་མཁས་ཅན་འཐུས་མི། ཀྲུང་དབྱང་དང་པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། རྒྱལ་སའི་ལས་རིགས་ཁག་གི་མུ་སི་ལིམ་འཐུས་མི་བཅས་300ལྷག་ཙམ་སྣེ་ལེན་ཚོགས་འདུར་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།