འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།སྦྲག་སྲིད་གསོག་འཇོག་དངུལ་ཁང་ལ་ཚད་ལྡན་ཕུའུ་ཨར་གྱི“A”རིམ་པའི་ཡུན་རིང་ཡིད་
    རྟོན་གདེང་འཇོག་གི་རིམ་པ་དཔྱད་བསྡུར་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོའི་སྦྲག་སྲིད་གསོག་འཇོག་དངུལ་ཁང་ལ་རྒྱལ་སྤྱིའི་རིམ་པ་དཔྱད་བསྡུར་སྒྲིག་གཞིའི་ཚད་ལྡན་ཕུའུ་ཨར་གྱི“A”རིམ་པའི་ཡུན་རིང་ཡིད་རྟོན་དངུལ་བུན་གྱི་རིམ་པ་དཔྱད་བསྡུར་བྱུང་ཡོད་པ་རེད། དེ་ནི་སྦྲག་སྲིད་གསོག་འཇོག་དངུལ་ཁང་ལ་རྒྱལ་སྤྱིའི་ཡིད་རྟོན་གྱི་རིམ་པ་དཔྱད་བསྡུར་གྱི་གྲུབ་འབྲས་ཐོབ་ཐེངས་དང་པོ་ཡིན་པ་དང་། དེ་ཐོག་ནས་རྒྱལ་སྤྱིའི་རིམ་པ་དཔྱད་བསྡུར་སྒྲིག་གཞིས་སྦྲག་སྲིད་གསོག་འཇོག་དངུལ་ཁང་གི་ཕྱོགས་གང་སར་ཁས་ལེན་བྱེད་ལུགས་མཚོན་ཡོད་པ་རེད།
           ཚད་ལྡན་ཕུའུ་ཨར་སྒྲིག་གཞིས་གྲོང་གསེབ་དང་རྫོང་གྲོང་ས་ཁུལ་གྱི་སྦྲག་སྲིད་གསོག་འཇོག་དངུལ་ཁང་གི་བལྟོས་མེད་རང་བཞིན་གྱི་གཉེར་སྐྱོང་ལེགས་ཆ་དང་ཆ་སྙོམས་ཆུ་ཚད་ཀྱི་མ་དངུལ་དང་འགྲོ་རྒྱུག་རང་བཞིན་གྱི་ཆུ་ཚད་ལས་མཐོ་བ་ཡོད་པས་དེ་དག་ཚང་མས་སྦྲག་སྲིད་གསོག་འཇོག་དངུལ་ཁང་ལ་རང་ཚུགས་ཡིད་རྟོན་རིམ་པ་དཔྱད་བསྡུར་བྱེད་ཆེད་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་ཅེས་བརྗོད་པ་རེད།
          སྦྲག་སྲིད་གསོག་འཇོག་དངུལ་ཁང་ནི་སྡེ་ཁུལ་ལ་ཞབས་ཞུ་དང་། ཁེ་ལས་འབྲིང་ཆུང་ལ་ཞབས་ཞུ། “ཞིང་གསུམ”ལ་ཞབས་ཞུ་བཅས་ཀྱི་གནས་ཐིག་གཏན་འཁེལ་གྱི་སྤྱི་དམངས་དཀྱུས་མ་དང་ཁེ་ལས་འབྲིང་ཆུང་ལ་ཞབས་འདེགས་ཞུ་བའི་དངུལ་ཁང་ཞིག་ཡིན་པ་དང་། དེར་ལས་གཉེར་དྲ་ཚིགས་ཁྲི་4ཙམ་ཡོད་པ་དང་མི་སྒེར་གྱི་དངུལ་བཅོལ་མཁན་ལ་ཞབས་འདེགས་ཞུ་ཚད་མི་དུང་ཕྱུར་5ལྷག་ཙམ་ཟིན་ཡོད་པ་རེད། 2016ལོའི་ཟླ་9ཚེས་28ཉིན་སྦྲག་སྲིད་གསོག་འཇོག་དངུལ་ཁང་ཤང་ཀང་མཉམ་འབྲེལ་ཉོ་ཚོང་ཁང་དུ་ཁྲོམ་འགྲེམས་བྱས་ཡོད་པ་རེད།
         འདི་ལོའི་ཟླ་3པའི་ཟླ་མཇུག་བར་སྦྲག་སྲིད་གསོག་འཇོག་དངུལ་ཁང་གི་མ་རྩའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་8.49ཟིན་པ་དང་། དངུལ་བཅོལ་གྲངས་འབོར་སྒོར་དུང་ཕྱུར་ཁྲི་7.78ཟིན་པ། སྤྱོད་མཁན་ལ་དངུལ་བུན་གཏོང་བ་དང་སྤྲོད་དངུལ་སྔ་འདོན་དངུལ་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3.19ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།