འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས“གཉིས་གཏོད”ཁེ་ལས་ཕྱི་རྒྱལ་ཁྲོམ་རར་ཞུགས་རྒྱུར་ལྕག་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “ནང་སའི་གྲོགས་པོ་མང་པོ་དང་སྤེལ་རེས་བྱས་རྗེས་བོད་ལྗོངས་ཀྱི་ལས་གཏོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་ཤུགས་ཧ་ཅང་ཆེན་པོ་འདུག་ཅེས་བརྗོད་ཆོག ང་ལ་གོ་སྐབས་བཟང་པོ་འཕྲད་འདུག”ཅེས་ལྷ་ས་གྲོང་ཁྱེར་གྱི་ལས་གཏོད་གཞོན་ནུ་བསྟན་འཛིན་ཤེས་རབ་ཀྱིས་དེ་ལྟར་བཤད།
           ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་ཕྱི་ཕྱོགས་ལ་《ལྷ་ས་གྲོང་ཁྱེར་གྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ལས་གཏོད་གསར་གཏོད་རྟེན་གཞིའི་གྲོང་ཁྱེར་དཔེ་སྟོན་འཛུགས་སྐྲུན་ལས་ཀར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས་འགའ་(ཚོད་ལྟར་སྤྱོད་རྒྱུ)》དངོས་སུ་ཡོངས་བསྒྲགས་བྱས་པ་དེ་ཐོག་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ལས་གཏོད་གསར་གཏོད་དེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་དང་ཕན་ཚུན་མཉམ་འདྲེས་ཡོང་བའི“ས་མཐོའི་དཔེ་དབྱིབས”དངོས་སུ་དོན་འཁྱོལ་བྱུང་བ་མཚོན་ཡོད།
          དོ་སྣང་བྱེད་འོས་པ་ཞིག་ལ་ད་ཐེངས་དོན་འཁྱོལ་བྱུང་བའི་སྲིད་ཇུས་ཀྱི་བྱ་ཐབས་དང་ཇུས་གཞིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཚན་རྩལ་གསར་གཏོད་དང་རྒྱལ་སྤྱིའི་ཁྲོམ་ར་གཏོད་རྒྱུའི་ཐད་གཟིགས་སྐྱོང་བྱ་རྒྱུ་ཡིན་པ་དཔེར་ན། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱིས་ཕྱི་རྒྱལ་གྱི་ཁེ་ལས་དང་། གྲགས་ཅན་སློབ་ཆེན། ཞིབ་སྤེལ་སྒྲིག་གཞི་བཅས་དང་མཉམ་ལས་བྱས་ནས་ལྷ་སར་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་རྣམ་གྲངས་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཞིབ་བཤེར་ཆོག་མཆན་ཐོབ་ནས་གཏན་འཁེལ་བྱས་པའི་རྣམ་གྲངས་ལ་སྤྲོད་ཐེངས་གཅིག་ལ་མི་དམངས་ཤོག་སྒོར་ཁྲི་20ཡི་ཁ་གསབ་སྤྲོད་རྒྱུ་སོགས་ཡིན་པ་རེད།
          དེའི་ཐད་ལྷ་ས་གྲོང་ཁྱེར་གྱི“གཉིས་གཏོད་དཔེ་སྟོན”གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བས་འབྲེལ་ཡོད་སྲིད་ཇུས་ལག་ལེན་བསྟར་བའི་དམིགས་ཡུལ་ནི་བོད་ཀྱི“གཉིས་གཏོད”(དམངས་ཀྱིས་བྱ་གཞག་བསྐྲུན། ཀུན་གྱིས་གསར་གཏོད་བྱེད)ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ་བོད་ཀྱི་ལེགས་ཆར་བརྟེན་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཕྱི་ཕྱོགས་སུ་བསྐྱོད་རྒྱུར་ལྕག་སྐུལ་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་འབྲེལ་མཐུད་བྱ་རྒྱུ་དེ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།