འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཤིས་ཉིར་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་27ཉིན་ནས་ཚེས་29ཉིན་བར་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་ཤིས་ཉིར་འཚམས་འདྲི་བྱས་ཤིང་། སྤེས་རེས་ཚོགས་པ་དེའི་ཚོགས་གཙོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཅུས་ཀྱི་སྐོར་གཟིགས་པ་གཞོན་པ་ཝང་ཡན་ཝུན་ཡིན་པ་དང་ཁོངས་མིའི་ནང་པེ་ཅིང་དང་བོད་ཀྱི་བོད་རིག་པ་མཁས་ཅན་དང་བོད་རིགས་ལས་བྱེད་པ་སོགས་ཡོད་པ་རེད།
            ཚེས་28ཉིན་སྤེལ་རེས་ཚོགས་པས་ཨོ་སི་ཁྲུ་ལི་ཡར་ཤུགས་རྐྱེན་ཆེན་པོ་ལྡན་པའི་སྨྱན་སྦྱོར་ཚན་པ་11གི་འཐུས་མི་དང་སྤེལ་རེས་བཞུགས་མོལ་བྱས་ཤིང་། བཞུགས་མོལ་ཚོགས་འདུའི་ཐོག་སྤེལ་རེས་ཚོགས་པའི་ཁོངས་མིས་རང་རྒྱལ་གྱི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་དང་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལག་ལེན་བསྟར་བའི་གཟིགས་སྐྱོང་སྲིད་ཇུས་གཙོ་གནད་ཐོག་ངོ་སྤྲོད་བྱས་ཡོད། དེ་དང་ཆབས་ཅིག་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་གནས་ཚུལ་ལ་རང་འགུལ་ངང་ལན་སློག་པའི་ཁར་ཀྲུང་གོའི་ལངས་ཕྱོགས་ཀྱང་གསལ་པོར་བརྗོད་ཡོད། སྤྱི་དམངས་ཀྱི་དོགས་གཞི་དང་དོགས་གནད་ལ་དམིགས་ཏེ་གྲངས་གཞི་མང་པོ་དང་དཔེ་མཚོན་མང་པོ་དྲངས་ནས་བོད་འཕེལ་རྒྱས་མྱུར་པོ་སོང་བ་གསལ་བཤད་བྱས་ཡོད། བཞུགས་མོལ་ཚོགས་འདུར་ཞུགས་མཁན་ཨོ་སི་ཁྲུ་ལི་ཡའི་སྨྱན་སྦྱོར་འཐུས་མིས་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ལ་སྔར་བས་སྤེལ་རེས་བྱེད་འདོད་པའི་བསམ་ཚུལ་བརྗོད་པ་མ་ཟད། སྤེལ་རེས་ཚོགས་པས་བོད་ཀྱི་མིག་མཐོང་ལག་ཟིན་གྱི་ཆ་འཕྲིན་འཁྱེར་ཡོང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཀྲུང་གོ་སྲིད་གཞུང་གིས་བོད་འཕེལ་རྒྱས་ལ་མཐོང་ཆེན་གནང་བ་དང་དེ་བཞིན་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་བསྔགས་བརྗོད་ཀྱང་བྱས་པ་རེད།
           ཚེས་29ཉིན་གྱི་སྔ་དྲོ། སྤེལ་རེས་ཚོགས་པས་ཨོ་སི་ཁྲུ་ལི་ཡའི་ནན་ཝེའར་ཧྲེ་ཀྲོའུ་གསར་པའི་གྲོས་ཚོགས་ཀྱི་གྲོས་མི། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞི་ཏ་རུའེ·མཱ་ཁུའེ་འར་སོགས་གྲོས་ཚོགས་ཀྱི་མཛའ་གྲོགས་མི་སྣ་དང་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་པོས་ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་དང་འགྲོ་འོང་གི་འབྲེལ་བ་ཕྱིར་དྲན་བྱས་པ། མཱ་ཁུའེ་འར་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མཛའ་གྲོགས་ཚོགས་ཆུང་དང་ཀྲུང་གོའི་མཉམ་ལས་ངོ་སྤྲོད་བྱས་པ། སྤེལ་རེས་ཚོགས་པས་བོད་ཀྱི་སྨན་བཅོས་བྱ་གཞག་དང་ཡུལ་སྐོར་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བཅས་བྱས་པ་རེད།
          ཤིས་ཉིར་འཚམས་འདྲི་བྱེད་རིང་སྤེལ་རེས་ཚོགས་པས་ད་དུང་ཨོ་སི་ཁྲུ་ལི་ཡའི་རྒྱ་སྐད་རླུང་འཕྲིན་ལས་ཁུངས་ཀྱི་ཆེད་དོན་བཅར་འདྲི་དང་ལེན་བྱས་པ་རེད།
         ཤིས་ཉིར་འཚམས་འདྲི་བྱེད་མཇུག་འགྲིལ་རྗེས་སྤེལ་རེས་ཚོགས་པ་ད་དུང་ཁན་པེ་ར་དང་དེ་བཞིན་ནེའུ་ཙི་ལན་གྱི་ཨའོ་ཁེ་ལན་དུ་བསྐྱོད་དེ་འཚམས་འདྲི་དང་སྤེལ་རེས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།