འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་བོད་ཇའི་ཁྲོམ་རའི་མདུན་ལམ་ཡངས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དབྱར་རྩྭ་དགུན་འབུ་དང་། འདྲེ་ཚེར་མ། ཚགས་ཤ་སོགས་ཕུད། གངས་ལྗོངས་བོད་ཇ་མཚོ་སྔོན་གྱི་ཁྲོམ་རའི་རིན་ཐང་ཆེ་ཤོས་ལྡན་པའི་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་སྣ་ཁ་གཞན་ཞིག་ཏུ་གྱུར་ཡོད།
          བོད་ཇ་དེ་འོ་སེའི་མངར་འབྲས་མེ་ཏོག་དང་ལོ་འགྱུར་མངར་འབྲས་མེ་ཏོག་གི་འདབ་མ་དང་མྱུ་གུ་ལས་སྣོན་བྱས་ནས་གྲུབ་པ་ཞིག་རེད། མཚོ་བོད་ས་མཐོའི་ཇ་བཟོའི་ཐོན་ཁུངས་ཅུང་ཉུང་ཞིང་། གཙོ་བོ་འོ་སེའི་མངར་འབྲས་མེ་ཏོག་ཡིན་པ་དང་མང་ཆེ་བ་རང་བྱུང་རི་སྐྱེས་ཤ་སྟག་ཡིན།
          2013ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཐན་སྐྱོན་རི་འབུར་ནགས་བཟོའི་ཚོད་ལྟའི་ས་ཚིགས་སུ་འོ་སེའི་མངར་འབྲས་མེ་ཏོག(བོད་ཇ)གི་ལྗང་གསོ་དང་། ཇ་ཞིང་རྩྭ་གསོ། ཇ་ལོའི་ཐོན་རྫས་གསར་སྤེལ་བཅས་བྱེད་འགོ་ཚུགས་ནས་ད་བར་ལོ་བཞི་སོང་ཡོད། ཞིབ་འཇུག་དང་ཚོད་ལྟ་ཐེངས་མང་བརྒྱུད་ལས་སྣོན་བཟོ་རྩལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་འོ་སེའི་མངར་འབྲས་ཀྱི་ཇ་ཞིང་རྩྭ་གསོར་རི་སྐྱེས་ཐོན་ཁུངས་ཀྱི་མི་ཐབས་འདེབས་གསོ་ནས་མིག་སྔའི་ཇ་ཞིང་འདེབས་འཛུགས་གཞི་ཁྱོན་ཞིག་ཆགས་ཁར་ཇ་དམར་དང་ཇ་ལྗང་གི་ཐོན་རྫས་ཀྱང་རགས་ཙམ་གྲུབ་ཡོད།
          ལོ་དེ་དག་རིང་ང་ཚོས་འོ་སེའི་མངར་འབྲས་(བོད་ཇ)རྣམ་གྲངས་ཀྱི་སོན་བཟང་འདྲེན་འཛུགས་དང་འདུལ་གསོ་གསོ་སྤེལ་དང་། ཇ་ཞིང་རྩྭ་གསོ། ཇ་ལོ་བཟོ་བ་བཅས་ཚོད་ལྟ་བྱས་པའི་ནང་འོ་སེའི་མངར་འབྲས་ཀྱི་སོན་བཟང་འདྲེན་འཛུགས་དང་མྱུག་སོན་གསོ་སྤེལ་བྱས་ཏེ་མྱུག་སོན་གསོ་སྤེལ་ཚོད་ལྟའི་དཔེ་སྟོན་རྟེན་གཞི་བཙུགས་པ་མ་ཟད། འོ་སེའི་མངར་འབྲས་(བོད་ཇ)ཀྱི་མྱུག་སོན་གསོ་སྤེལ་ལག་རྩལ་བརྒྱུད་རིམ་བཟོས་པས་མྱུག་གསོའི་ལག་རྩལ་ལ་གྲུབ་འབྲས་ཐོབ་ཡོད།
           མིག་སྔར་མཚོ་སྔོན་ཞིང་ཆེན་འོ་སེའི་མངར་འབྲས་(བོད་ཇ)ཀྱི་ཐོན་ཁུངས་རི་སྐྱེས་གསར་སྤེལ་བྱེད་པའི་མཚམས་སུ་གནས་པ་དང་འོ་སེའི་མངར་འབྲས་(བོད་ཇ)གསར་སྤེལ་བེད་སྤྱོད་བྱས་ཚེ་ཇའི་སྣ་ཁ་ཕུན་སུམ་ཚོགས་སུ་འགྲོ་བ་དང་། བོད་ཇའི་སྐད་གྲགས་དང་སྤུས་རྟགས་ཀྱི་ཕན་ནུས་ཀྱང་ཆེ་རུ་འགྲོ་བ། མཚོ་བོད་ས་མཐོའི་བོད་ཇའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ། མཚོ་སྔོན་བོད་ཇའི་ཐོན་ལས་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་འགྲོ་བ། ཐོན་ལས་ནང་ཁུལ་གྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་མ་ཟད། ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ངེས་ཅན་ལྡན་པས་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།