འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྱེལ་འདྲེན་བྱེད་ཤུགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པས་མེ་འཁོར་ཐེངས་གྲངས་མང་དུ་
    གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་27ཉིན། གསར་འགོད་པས་ཀོང་ཀྲོའུ་འགག་སྒོ་ནས་ཤེས་རྟོགས་བྱས་པར། ལོ་གཅིག་རིང“ཀོང་མན་ཨུ”གསུམ་དབར་གྱི་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཁྱོན་ཐེངས་43བཏང་བའི་ནང་ཚད་གཞི་ཅན་གྱི་དོས་སྒམ་3334དབོར་འདྲེན་བྱས་ཏེ་ཨ་སྒོར་དུང་ཕྱུར་2.36རི་བའི་ཏུན་ཁྲི་1.7ལྷག་ཙམ་གྱི“ཀོང་ཀྲོའུ་ཡི་ཚོང་ཟོག”ས་ཐག་རིང་བའི་ཨུ་རུ་སུའི་ཁྲོམ་རར་དབོར་འདྲེན་བྱས་པ་རེད།
          ཀོང་ཀྲོའུ་ཡིས་2016ལོའི་ཟླ་8ཚེས་28ཉིན་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཐེངས་དང་པོ་བཏང་བ་དེ་ཁྲུང་ཆིང་དང་། ཀྲེང་ཀྲོའུ། ཁྲེང་ཏུའུ། སུའུ་ཀྲོའུ། དབྱི་ཝུའུ་སོགས་རྗེས་ཀོང་ཀྲོའུ་འདི་ཉིད་ཀྲུང་གོ་ནས་ཡོ་རོབ་བར་གྱི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་ཡོད་པའི་གྲོང་ཁྱེར་གཞན་ཞིག་ཏུ་གྱུར་པ་རེད། དུས་གཏན་མེ་འཁོར་ཀོང་ཀྲོའུ་ནས་ཐོན་རྗེས་མན་ཀྲོའུ་ལི་དང་ཧོའུ་པེ་ཅར་བརྒྱུད་རྗེས་མོ་སི་ཁོ་ཡི་ཝུའོ་འར་ཤི་ནུའོ་རུ་འབྱོར་གྱི་ཡོད་པ་རེད། ཀོང་ཀྲོའུ་ཏ་ཧྲུན་ཧྥ་རྒྱལ་སྤྱིའི་ཟོག་འགྲེམས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧོང་ཀྲུང་ཞིས་ངོ་སྤྲོད་བྱས་པར། “ཀོང་མན་ཨུ”གསུམ་དབར་གྱི་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱི་ལམ་ཚད་ཧྲིལ་པོར་ཆ་སྙོམས་ཉིན་15ནས་18བར་འགོར་གྱི་ཡོད་པ་དེ་མཚོ་ཐོག་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་ལས་ཉིན་10ཡིས་ཐུང་བ་ཡོད་པ་དང་མཚོ་ཐོག་སྐྱེལ་འདྲེན་གཅིག་པུ་ལས་ཉིན་25ཡིས་ཐུང་བ་ཡོད། དེས་མ་ཟད་དབོར་རིན་ཡང་མཁའ་ཐོག་སྐྱེལ་འདྲེན་གྱི་གསུམ་ཆ་གཅིག་ཡིན་པས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་ཉོ་ཚོང་མ་གནས་དང་ཉོ་ཚོང་དུས་ཚོད་གྲོན་ཆུང་ཆེན་པོ་ཐུབ་ཀྱི་ཡོད་པ་རེད།
          “ཐོག་མར་འཁོར་སྐྱོད་གཉེར་སྐྱོང་བྱེད་སྐབས། ང་ཚོས་ཁྲོམ་རའི་སྐྱེད་སྲིང་དུས་ཤིག་བརྒྱུད་པ་ཡིན། འདི་ལོའི་ཟླ་3པའི་ཟླ་དཀྱིལ་ནས་བཟུང་། གཟའ་འཁོར་རེར་དུས་གཏན་མེ་འཁོར་རེ་སྤྱིར་ན་ཡོད་པ་བྱས་ཡོད”ཧོང་ཀྲུང་ཞིས་ངོ་སྤྲོད་བྱས་པར་གཞིགས་ན། འཁོར་སྐྱོད་གཉེར་སྐྱོང་བྱས་ནས་ལོ་གཅིག་རིང་། “ཀོང་མན་ཨུ”གསུམ་དབར་གྱི་ཀྲུང་གོ་ནས་ཡོ་རོབ་བར་ཀྱི་དུས་གཏན་མེ་འཁོར་ནང་ཆ་སྙོམས་དངོས་ཟོག་བླུགས་ཚད་90%ཡན་ཟིན་པ་དང་འདི་ལོའི་ཟླ་གསུམ་པའི་ཟླ་དཀྱིལ་ནས་བཟུང་100%ཟིན་པས་རྒྱལ་ནང་གི་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱི་ཟིན་ཐོ་བཏོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།