འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།སིང་ཀ་ཕོར་གྱི་སློབ་མས་ཀྲུང་གོར་དངོས་སྦྱོང་སྤེལ་རེས་བྱེད་པར་ཡོང་བར་སྤྲོ་བ།

    ཐེ་ལན་དུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། ཡུས་དབྱིས་ཁྲུན། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། སིང་ཀ་ཕོར་གྱི་གཞུང་བཙུགས་སློབ་ཆེན་གྱིས་《མཉམ་འབྲེལ་ཞོགས་པའི་ཚགས་པར་》ལ་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་དོན། མཇུག་འགྲིལ་མ་ཐག་གི་2016ལོ་ནས་2017ལོ་བར་གྱི་སློབ་དུས་སུ་དངོས་གཞིའི་ཚན་ཁག་གི་སློབ་མ་330ཡིས་སློབ་གྲྭའི་ཀྲུང་གོར་དངོས་སྦྱོང་སྤེལ་རེས་ཀྱི་རྣམ་གྲངས་སྣ་ཚོགས་ནང་ཞུགས་པ་དང་དེའི་ནང་སློབ་མ་བརྗེ་རེས་འཆར་གཞི་དང་དུས་ཐུང་སྤེལ་རེས་རྣམ་གྲངས་སུ་ཞུགས་ཚད་2013ལོ་དང་བསྡུར་ན་ལྡབ་གཅིག་འཕར་ཡོད་པ་རེད།
            འདས་ཟིན་པའི་ལོ་5ཡི་རིང་སིང་ཀ་ཕོར་གྱི་གཞུང་བཙུགས་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་མ་280ལྷག་ཙམ་པེ་ཅིང་དང་ཧྲང་ཧའེ་རུ་རྒྱལ་ཕྱིའི་སློབ་གླིང་དུ་དུས་ཡུན་ལོ་ཕྱེད་དང་ལོ་གཅིག་གི་དངོས་སྦྱོང་སྤེལ་རེས་ཀྱི་རྣམ་གྲངས་ནང་ཞུགས་ཡོད། སློབ་མ་དེ་དག་གིས་པེ་ཅིང་ངམ་ཡང་ན་ཧྲང་ཧའེ་ཡི་ཀུང་སི་འགའ་ཞིག་ཏུ་ལས་ཀའི་ནང་ཆ་ཚང་ཞུགས་པའི་དངོས་སྦྱོང་སློབ་མའི་འགན་ཁུར་བ་དང་དུས་མཚུངས། གྲོང་ཁྱེར་དེ་དག་གི་གྲགས་ཅན་སློབ་ཆེན་དུ་ཆེད་ལས་སློབ་ཚན་གཅིག་ནས་གཉིས་བར་གཟབ་སྦྱོང་བྱེད་ཀྱི་ཡོད་པ་རེད།
            ཀྲུང་གོ་འཕེལ་རྒྱས་མྱུར་པོ་སོང་བས་སིང་ཀ་ཕོར་གྱི་གཞོན་ནུས་ཀྲུང་གོར་དགའ་ཚོར་མང་དུ་འགྲོ་བཞིན་ཡོད། སིང་ཀ་ཕོར་གྱི་གཞུང་བཙུགས་སློབ་ཆེན་གྱི་སློབ་དོན་དཔོན་གཞོན་པ་ཁྲེན་ཆིང་ཤན་གྱིས་སིང་ཀ་ཕོར་གྱི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་འདས་ཟིན་པའི་ལོ་5ཡི་རིང་སློབ་མ་སྔར་བས་མང་པོས་ཀྲུང་གོའི་དངོས་སྦྱོང་སྤེལ་རེས་རྣམ་གྲངས་ལ་ཞུགས་འདོད་བྱེད་པ་དེ་སྣང་ཚུལ་བཟང་པོ་ཞིག་རེད། “ཀྲུང་གོ་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་མྱུར་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པས། སློབ་མར་འཕེལ་རྒྱས་ཀྱི་གོ་སྐབས་རབ་དང་རིམ་པ་མཁོ་འདོན་བྱེད་ཐུབ། གཞུང་བཙུགས་སློབ་ཆེན་གྱིས་ཀྱང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་རྐང་འཛིན་མི་སྣ་གསོ་སྐྱོང་བྱ་རྒྱུར་བརྩོན་ལེན་བྱེད་ཀྱི་ཡོད་པས། ང་ཚོས་སློབ་མར་ཀྲུང་གོ་ཤེས་རྟོགས་ཟབ་མོ་བྱ་རྒྱུར་ལྕག་སྐུལ་བྱེད་ཀྱི་ཡོད”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།