འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་གྱི་དམག་ཕྱོགས་ཀྱིས་དབྱིང་ལཱ་མངའ་ཁོངས་ནས་ཁ་བྲལ་རྒྱུའི་ཐད་གྲོས་མཐུན་བཞག་
    པ་ཁས་བླངས་མེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཐེ་ལན་གྱི་སྨྱན་སྦྱོར་ཁ་ཤས་དང་དབྱེ་ཞིབ་མི་སྣས་དམག་ཕྱོགས་ཀྱིས་ཙུང་ལི་ཟུར་པ་དབྱིང་ལཱ་མངའ་ཁོངས་ནས་ཁ་བྲལ་རྒྱུའི་གྲོས་མཐུན་བཞག་པའི་ཤོད་སྟངས་དེར་དམིགས་ནས་ཐེ་ལན་གྱི་དམག་ཕྱོགས་ཀྱི་རྒྱལ་ཡོངས་ཞི་བདེ་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་(ཞི་བདེ་སྲུང་སྐྱོང་ཨུ་ཡོན་ལྷན་ཁང)གི་མགྲིན་ཚབ་པས་ཚེས་27ཉིན་དོན་དེ་ཁས་མ་བླངས་པ་མ་ཟད། དམག་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྲིམས་འཛིན་གྱི་གོ་རིམ་ནང་བྱེད་སྒོ་སྤེལ་གྱི་ཡོད། མི་སྒེར་གྱི་གཏམ་བརྗོད་ཀྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་མི་བཟོ་བའི་རེ་བ་ཡོད་ཅེས་བཤད་པ་རེད།
           ཐེ་ལན་《དམངས་འདོད་ཚགས་པར་》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཞི་བདེ་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་དབུན་ཐའེ་ཡིས་ཉིན་དེ་རང་དུ་ཡོངས་བསྒྲགས་ཚོགས་འདུ་ཞིག་གི་ཐོག་དམག་ཕྱོགས་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་ཁ་གསལ་གྱི་ཐོག་ནས་སྲིད་འཛིན་བྱེད་པ་ལས་ཁྲིམས་འཛིན་གྱི་གོ་རིམ་ལས་བརྒལ་བའི་བྱ་བ་བསྒྲུབ་མི་སྲིད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།