འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོས་ཚད་རན་ཞིང་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་འཚོལ་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱས་པར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་བྱས་ནས་ལོ་གཅིག་ཙམ་སོང་རིང་། སྣོད་བཅུད་སྲུང་སྐྱོང་གི་ཚད་གཞི་ནན་ཤོས་ལག་བསྟར་བྱས་པ་དང་དུས་མཚུངས་འབྲེལ་ཡོད་སྡེ་ཚན་གྱིས་ཚད་རན་ཞིང་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་སོགས་ཀྱི་ལེ་ལག་བྱེད་ཐབས་འཚོལ་ཞིབ་བྱས་ནས་འབྲོག་པར་སྲུང་སྐྱོང་ཁྲོད་ཕན་པ་ཐོབ་རྒྱུར་ཁྲིད་སྟོན་བྱས་པ་རེད།
          མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་ལ“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཀྱི་ཡོད། དེར་ཨེ་ཤེ་ཡའི་ཆུ་རྩྭ་གསོ་འཁྱོངས་ཁུལ་དང་དེ་བཞིན་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སོགས་ཀྱི་ནུས་པ་ལྡན་པས་ཉེ་བའི་ལོ་20རིང་དེར་ཕྱུགས་བཀག་དང་ཕྱུགས་རིགས་ཉུང་གཏོང་གི་འདུ་འགོད་ལག་བསྟར་བྱས་པ་དང་། འབྲོག་པ་ཁྲི་10ཙམ་རྩྭ་ཐང་ནས་གནས་སྤོ་དང་ལས་སྒྱུར་བྱས་པས་མིའི་རིགས་ཀྱིས་ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་གཏོང་ཤུགས་ཆུང་དུ་ཕྱིན་ཡོད། 2016ལོའི་ཟླ་4པར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་དང་པོའི་ཚོད་ལྟ་གཙང་གསུམ་ཆུ་འགོ་ས་ཁུལ་དུ་བྱས་པ་དང་། སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་ཁྲི་12.31ཡོད་ཅིང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཁུལ་གསུམ་ལ་ཕྱེ་ནས་སྡེ་ཚན་ཆེན་པོའི་སྒྲིག་གཞིའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྫོང་བཞི་དང་འབྲེལ་བ་ཡོད་པ་རེད།
          “གསའ་ཡིས་བརྗོད་དོན་གཙོ་བོ་བྱས་པའི་ས་ཁོངས་ཧྲིལ་པོའི་རང་བྱུང་ཉམས་ལེན་རྟེན་གཞི་བསྐྲུན་རྗེས། འབྲོག་པ་ཁོར་ཡུག་སྲུང་སྐྱོང་གི་ཉམས་ལེན་དང་སློབ་གསོ་ཞབས་ཞུའི་ལས་ཀའི་ནང་བསྡུས་པས། མངགས་ཐོ་རྣམ་པའི་དོ་དམ་མངོན་འགྱུར་བྱུང་ཡོད། ད་ཆ་ཉམས་ལེན་ཚོགས་པ་10ལ་སྣེ་ལེན་ཞུས་ཟིན་པ་དང་ཚོགས་པ་རེ་ནས་འབྲོག་དུད་རེར་སྒོར་2000ནས་8000བར་གྱི་ཡོང་འབབ་བྱུང་ཡོད”ཅེས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚེ་བསྟན་འབྲུག་གིས་བཤད། ཚེ་བསྟན་འབྲུག་གིས་ངོ་སྤྲོད་བྱས་པར། གོ་རིམ་ལྡན་པ་དང་ཚད་རན་ཞིང་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དེ་སྡེ་ཚན་ཆེན་པོའི་སྒྲིག་གཞི་སྒྱུར་བཅོས་ཀྱི་རྨང་གཞིའི་ཐོག་སྐྲུན་པ་ཞིག་ཡིན་པ་དང་། གཅིག་སྡུད་ནུས་ལྡན་གྱི་དོ་དམ་བྱེད་པ་དེས་ཁོར་ཡུག་ལ་སྲུང་སྐྱོང་ཐུབ་ལ། དམངས་འཚོར་ཕན་པའང་ཐོབ་པས། དེ་ཐོག་ནས་སྤྱི་གླིང་གི་འབྲོག་པའི་ཕྱོགས་རྐྱང་པའི་སྣོད་བཅུད་ལྟ་སྲུང་ནས་ཐོན་སྐྱེད་དང་འཚོ་བའི་འཁོར་རྒྱུག་བཟང་པོ་བར་གྱི་འགྱུར་ལྡོག་ཕྱིན་པ་མངོན་ཐུབ།
          ལོ་གཅིག་རིང་རྫ་སྟོད་རྫོང་གི་འབྲེལ་ཡོད་འགན་ནུས་སྡེ་ཚན་20ནས་ད་ཆའི་15བར་ཁུ་བསྡུ་བྱས་པ་དང་འབྲེལ་རྫ་ཆུའི་གླིང་ཁུལ་དོ་དམ་ཨུ་ལྷན་བཙུགས་ནས་རང་བྱུང་ཐོན་ཁུངས་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་སོགས་སྤྱི་འདོམས་བྱས་ཏེ་གཅིག་སྡུད་ནུས་ལྡན་གྱི་གཅིག་གྱུར་དོ་དམ་ལག་བསྟར་བྱས་ཡོད། དེས་མ་ཚད་དེ་བྱིངས་རྫོང་གསུམ་གྱིས་སྣོད་བཅུད་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་སྤྱི་ཚོགས་ཐོག་གི་མི་སྣ་སོགས་ཞུགས་པའི་ལམ་སྲོལ་འཛུགས་པའི་ཐད་ལའང་ཚད་བརྒལ་ཆེན་པོ་བྱུང་ཡོད། མིག་སྔར་གཙང་གསུམ་ཆུ་འགོ་ས་ཁུལ་དུ་སྣོད་བཅུད་དོ་དམ་སྲུང་སྐྱོང་པ་9975ཡོད་པ་མ་ཟད། ཤང་གྲོང་དོ་དམ་སྲུང་སྐྱོང་ས་ཚིགས་དང་། གྲོང་ཚོ་རིམ་པའི་དོ་དམ་སྲུང་སྐྱོང་རུ་ཁག དོ་དམ་སྲུང་སྐྱོང་ཡན་ལག་རུ་ཁག་ཆུང་ངུ་བཅས་བཙུགས་པའི་ཐོག་རྒྱང་ཐག་རིང་བའི“གནད་གཅིག་ལས་ཡུག་གཅིག་གྲུབ་པ་དང་འབྲེལ་ཡོད་སྡེ་ཚན་ལས་ཁོངས་གཏོགས་གཅིག་གྲུབ་པའི”དོ་དམ་སྲུང་སྐྱོང་གི་མ་ལག་བཙུགས་པ་རེད། དུས་མཚུངས་ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁྲིམས་ར་བཙུགས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཁྲིམས་འཛིན་འགན་ལེན་བྱས་པ་དང་གཙང་གསུང་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་ཆེད་དོན་བྱ་སྤྱོད་ཐེངས་མང་སྤེལ་ནས་རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་29ཞིབ་བཤེར་ཐག་གཅོད་བྱས་པ་རེད།
         རྙིང་དོར་གསར་འཛུགས་ཀྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་ད་དུང་མི་དང་རི་དྭགས་འགལ་བ་བྱུང་བར་ཁ་གསབ་སྤྲོད་པའི་ལམ་ལུགས་བཙུགས་ཤིང་། ལོ་གཅིག་རིང་གསའ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་དང་དོམ་འགོག་ལྕགས་དྲ་སྐོང་བ་སོགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཏེ་མི་དང་དོམ་གྱི་འགལ་བ་སེལ་བའི་གྲོང་མིའི་དོ་དམ་ཨུ་ལྷན་བཙུགས་ནས་འཁོན་ལན་རང་བཞིན་གྱི་སྲོག་ཆགས་གསོད་པའི་གནས་ཚུལ་མི་ཐོན་པ་བྱས་ཡོད། དུས་མཚུངས“མི་དང་རི་དྭགས་ཀྱི་འགལ་བའི་འགན་བཅོལ་ཐེབས་རྩ”གྲབས་འཛུགས་བྱས་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གནོད་འཚེའི་ཁ་གསབ་གྲོས་རིམ་ལམ་སྲོལ་ཆ་ཚང་བཀོད་སྒྲིག་བྱས་ནས་མི་དང་རང་བྱུང་ཁམས་ཀྱི་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།