འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བུད་མེད་འཇིག་རྟེན་འཕུར་སྐྱོད་པ་དང་པོ་ལིའུ་དབྱང་གིས་གདན་ཞུས་ལྟར་ཐེ་ལན་
    དུ་གཞོན་ནུ་ལོ་ཆུང་དང་སྤེལ་རེས་བྱེད་པར་བསྐྱོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་26ཉིན། ཀྲུང་གོའི་བུད་མེད་འཇིག་རྟེན་འཕུར་སྐྱོད་པ་དང་པོ་ལིའུ་དབྱང་གིས་ཐེ་ལན་སྲིད་གཞུང་གི་གདན་ཞུས་ལྟར་པང་ཁོག་ཏུ་ཐེ་ལན་གྱི་གཞོན་ནུ་ལོ་ཆུང་ལ་རང་ཉིད་བར་སྣང་དུ་བསྐྱོད་པའི་མྱོང་ཚོར་བརྗོད་པས་ས་གནས་འདི་གའི་གཞོན་ནུ་ལོ་ཆུང་གི་དགའ་བསུ་ཟབ་མོ་ཐོབ་ཡོད།
           དེ་ཉིན་ལིའུ་དབྱང་ཐེ་ལན་ཚན་རྩལ་པུའུ་ཡིས་པང་ཁོག་མོང་ཐུང་ཐ་ཉི་ཚོགས་འགྲེམས་ལྟེ་གནས་སུ་སྤེལ་བའི་ཚན་རྩལ་འགྲེམས་སྟོན་ནང་ཞུགས་ཤིང་། ཐེ་ལན་གྱི་ཚན་རྩལ་པུའུ་ཀྲང་ཨ་ཁྲ་ཅ·ཤི་ཝུན་ལང་གིས་ལིའུ་དབྱང་ཐེ་ལན་དུ་གདན་ཞུ་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ལིའུ་དབྱང་གི་མྱོང་ཚོར་ལས་ཐེ་ལན་གྱི་གཞོན་ནུ་ལོ་ཆུང་གིས་འཇིག་རྟེན་འཕུར་སྐྱོད་དང་ཚན་རྩལ་ལ་དགའ་ཞེན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
          ལིའུ་དབྱང་གིས་དེ་ཉིན་ཐེ་ལན་གྱི་གཞོན་ནུ་ལོ་ཆུང་དང་དེ་བཞིན་བར་སྣང་ལ་དགའ་པོ་བྱེད་མཁན་ཚོར་འཇིག་རྟེན་འཕུར་སྐྱོད་པས་བར་སྣང་ས་ཚིགས་སུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བའི་མྱོང་ཚོར་བརྗོད་པ་མ་ཟད། འཇིག་རྟེན་འཕུར་སྐྱོད་པ་ཞིག་བྱེད་པར་གཟུགས་པོ་དང་སེམས་ཁམས་ཐད་སྦྱོང་བརྡར་བྱེད་དགོས་ལུགས་ཀྱང་བརྗོད་ཡོད། ཁོང་གིས་ད་དུང་འཇིག་རྟེན་འཕུར་སྐྱོད་པ་ཚོས་བར་སྣང་གི་ལྗིད་ཤུགས་མེད་པའི་ཁོར་ཡུག་ཁྲོད་ཅོག་ལེ་ཟ་བ་དང་། མགོ་རྟིང་སློག་པ། སྦྱོང་བརྡར་བྱེད་པ་སོགས་ཀྱི་གློག་བརྙན་བསྟན་པས་གར་སྟེགས་འོག་གི་ལྟད་མོ་བའི་ཡིད་དབང་བཀུག་ཡོད།
          ལིའུ་དབྱང་གིས་ཐེ་ལན་གྱི་གཞོན་ནུ་ལོ་ཆུང་ཚོས་བར་སྣང་དུ་བསྐྱོད་པའི་ཕུགས་འདུན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཡོང་བ་བྱེད་པར་ལྕག་སྐུལ་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་བར་སྣང་ལ་དགའ་པོ་བྱེད་མཁན་ཚོའི་འདྲི་བར་ལན་བརྒྱབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།