འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷོ་ཁ་ཡིས་ཆན་ཧྥུའུ་110ཡི་ལྷོ་བྲག་གློག་སྒྱུར་ས་ཚིགས་ཀྱི་ལག་རྩལ་སྒྱུར་བཀོད་
    ལས་གྲྭ་ལེགས་སྒྲུབ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ལྷོ་ཁ་ཡིས་ཆན་ཧྥུའུ་110ཡི་ལྷོ་བྲག་གློག་སྒྱུར་ས་ཚིགས་ཀྱི་ལག་རྩལ་སྒྱུར་བཀོད་
ལས་གྲྭ་ལེགས་སྒྲུབ་བྱས་པ།
            མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཐག་རིང་གློག་སྒྱུར་ས་ཚིགས་ཀྱི་ལག་རྩལ་སྒྱུར་བཀོད་དང་རྒྱས་སྐྲུན་གྱི་ལས་གྲྭ་ཡིན་པའི་ས་བབ་མཐོ་ཚད་སྨི་4000ཡི་སར་ཡོད་པའི་ཆན་ཧྥུའུ་110ཡི་ལྷོ་བྲག་གློག་སྒྱུར་ས་ཚིགས་ཀྱི་ལག་རྩལ་སྒྱུར་བཀོད་ལས་གྲྭ་འདི་ལོའི་ཟླ་4པར་ལས་འགོ་ཚུགས་པ་དང་རོགས་སྐྱོར་ཚན་པ་ཨན་ཧུའེ་ཞིང་ཆེན་གློག་ཤུགས་ཀུང་སིས་ཚད་མཐོའི་མཐོང་ཆེན་བྱས་ནས་རོགས་སྐྱོར་མི་སྣ་ཐེངས་མང་བཏང་ནས་ས་གནས་ས་ཐོག་ཏུ་རྩད་ཞིབ་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལག་རྩལ་སྒྱུར་བཀོད་དང་རྒྱས་སྐྲུན་གྱིས་སྣ་དཀར་རྩེ་གློག་སྒྱུར་ས་ཚིགས་ནས་ལྷོ་བྲག་གློག་སྒྱུར་ས་ཚིགས་བར་དུ་ཆན་ཧྥུའུ་110གྱི་གློག་སྐུད་གསར་དུ་ཁྲིད་དེ་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་གློག་དྲ་གློག་གཏོང་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན་ཞིང་། འདི་ནི་རྒྱལ་ཁབ་གློག་དྲ་ཨན་ཧུའེ་ཞིང་ཆེན་གློག་ཤུགས་ཀུང་སིའི་རོགས་སྐྲུན་ལག་རྩལ་མི་སྣས་གློག་སྒྱུར་ས་ཚིགས་སུ་ལས་ཀ་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།