འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།དངུལ་ཁང་གཱ་མཉམ་འབྲེལ་རྩ་འཛུགས་རྒྱལ་སྤྱི་དང་བྷེ་ཨུ་རུ་སུའི་ཚོང་ལས་དངུལ་ཁང་ཆེ་ཤོས་
    དབར་ཕྱོགས་ཡོངས་ཀྱི་མཉམ་ལས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། དངུལ་ཁང་གཱ་མཉམ་འབྲེལ་རྩ་འཛུགས་རྒྱལ་སྤྱི་དང་བྷེ་ཨུ་རུ་སུའི་ཚོང་ལས་དངུལ་ཁང་ཆེ་ཤོས་བྷེ་ཨུ་རུ་སུ་དངུལ་ཁང་གིས་མེན་སི་ཁེར་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོས་མཐུན་བཞག་པ་དང་ཕྱོགས་གཉིས་པོས་དངུལ་ཁང་དེའི་རང་སྒུལ་དངུལ་འདོན་འཕྲུལ་ཆས་དང་ཚོང་དུད་ཚང་མར་དངུལ་ཁང་མཉམ་འབྲེལ་གཱ་གཉེར་རྒྱུ་དང་འབྲེལ་ཡུལ་དེར་གཱ་སྤྲོད་པ་དང་དངུལ་ཁང་གཱ་མཉམ་འབྲེལ་གྱི་གསར་གཏོད་ཐོན་རྫས་ཁྱབ་གདལ་སོགས་ཁྱབ་ཁོངས་ནང་མཉམ་ལས་བྱ་རྒྱུའི་ཁ་ཆད་བྱས་པ་རེད།
           ཉེ་བའི་ལོ་ཤས་རིང་ཀྲུང་བྷེ་རྒྱལ་ཁབ་གཉིས་པོས་ཚོང་དོན་འཁོར་རྒྱུག་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནང་མཉམ་ལས་དམ་ཟབ་བྱས་པས་ས་ཁོངས་སྒྲོལ་བའི་མ་དངུལ་གཏོང་སྤྲོད་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། ཀྲུང་གོ་དངུལ་ཁང་གཱ་མཉམ་འབྲེལ་རྩ་འཛུགས་ཀྱི་ཏུང་ཧྲི་ཀྲང་ཀེ་ཧྭ་ཡུང་གིས་དེ་ཉིན་གྱི་མིང་རྟགས་འགོད་པའི་མཛད་སྒོའི་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་ལེན་བསྟར་བའི་གོ་སྐབས་དང་བསྟུན་ནས་བྷེ་ཨུ་རུ་སུའི་ཁྲོམ་རའི་དངུལ་ཁང་མཉམ་འབྲེལ་གཱ་ཡི་ལས་སྒོར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།