འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁོ་རེ་ཡའི་སྨྱན་སྦྱོར་དུ་སྲིད་འཛིན་ཝེན་ཙའེ་ཡཱན་གྱིས་ཧྲི་ཡའེ་རྟགས་ཅན་གྱི་གྲུ་གཟིངས་མཚོར་
    ཐིམ་ནས་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མིར་དགོངས་དག་ཞུས་ནས་ཕེའོ་ཅིན་ཧུའེ་སྲིད་
    གཞུང"ནུས་མེད་ཡིན་ཚུལ"གྱི་སྐྱོན་བརྗོད་བྱས་འདུག་ཅེས་བཀོད་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷོ་ཁོ་རེ་ཡའི་སྨྱན་སྦྱོར་དུ་སྲིད་འཛིན་ཝེན་ཙའེ་ཡཱན་གྱིས་ཧྲི་ཡའེ་རྟགས་ཅན་གྱི་གྲུ་གཟིངས་མཚོར་
ཐིམ་ནས་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མིར་དགོངས་དག་ཞུས་ནས་ཕེའོ་ཅིན་ཧུའེ་སྲིད་
གཞུང'ནུས་མེད་ཡིན་ཚུལ'གྱི་སྐྱོན་བརྗོད་བྱས་འདུག་ཅེས་བཀོད་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ལྷོ་ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བ་ལྟར་ན། ཟླ་8ཚེས་16ཉིན་གྱི་ཕྱི་དྲོར། སྲིད་འཛིན་ཝེན་ཙའེ་ཡཱན་གྱིས་ལྷོ་ཁོ་རེ་ཡའི་སྲིད་འཛིན་ཁང་ཆིན་ཝ་ཐའེ་ཡི་མགྲོན་བསུ་ཁང་དུ"ཧྲི་ཡའེ"རྟགས་ཅན་གྱི་གྲུ་གཟིངས་མཚོར་དིམ་ནས་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མི་དང་སྲོག་ཉེན་ལས་ཐར་མཁན་གྱི་ཁྱིམ་མི་200ཙམ་ལ་མཇལ་འཕྲད་གནང་བ་རེད། འདི་ནི་2014ལོའི"ཧྲི་ཡའེ་"རྟགས་ཅན་གྱི་གྲུ་གཟིངས་མཚོར་ཐིམ་པའི་དོན་རྐྱེན་བྱུང་རྗེས་སུ། ལྷོ་ཁོ་རེ་ཡའི་སྲིད་འཛིན་གྱིས་དངོས་གཞིའི་དགོངས་དག་ཞུ་ཐེངས་ཐོག་མ་ཡིན་པ་རེད།
           ཝེན་ཙའེ་ཡཱན་གྱིས་ལྷོ་ཁོ་རེ་ཡ་སྲིད་གཞུང་གི་ཚབ་ཞུས་ནས་དགོངས་དག་ཞུས་པ་དང་འཚམས་འདྲི་གནང་བ་མ་ཟད། ནུས་ཤུགས་ཡོད་རྒུས"ཧྲི་ཡའེ"རྟགས་ཅན་གྱི་གྲུ་གཟིངས་མཚོར་ཐིམ་པའི་རྒྱུ་རྐྱེན་དངོས་བརྟག་དཔྱད་བྱེད་ངེས་ཡིན་ལ། དོན་རྐྱེན་ལས་གར་སོང་ཆ་མེད་དུ་གྱུར་མཁན་ཆེས་རྗེས་མ་དེ་མ་རྙེད་བར་དུ་མུ་མཐུད་འཚོལ་ཞིབ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད། 2014ལོར། མི་476བཞུགས་པའི"ཧྲི་ཡའེ"རྟགས་ཅན་གྱི་འགྲུལ་སྐྱེལ་གྲུ་གཟིངས་(དེ་སྔོན་གྲུ་གཟིངས་ཀྱི་མིང་ལ"ལོ་ཟླ་རྟགས་ཅན"ཞེས་བསྒྱུར་ཡོད་པ)དེ་ལྷོ་ཁོ་རེ་ཡའི་ཆོན་ལཱ་ནན་ཞིང་ཆེན་གྱི་ཀྲེན་ཏའོ་ཅུན་མཚོ་ཁོངས་སུ་ཐིམ་པའི་དོན་རྐྱེན་བྱུང་ནས་མི་300ལྷག་ཙམ་ཤི་བ་དང་། གནས་འཕྲིན་སྤེལ་དུས་བར་དུ། མི་5ད་དུང་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།