འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།གཟི་ཚ་སྡེ་དགུའི་ས་ཡོམ་གེགས་ཁུལ་དེ་བར་བརྒལ་བདེ་འཁོད་དང་གེགས་རྗེས་བསྐྱར་སྐྲུན་གྱི་
    རིམ་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན། "8•8"གཟི་ཚ་སྡེ་དགུའི་7.0རིམ་པའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཏེ་ད་སྔ་ནི་ས་ཡོམ་གེགས་ཁུལ་གྱི་ཉེན་སེལ་མྱུར་སྐྱོབ་དང་འཕྲལ་སྡོམ་བདེ་འཁོད་རིམ་པའི་འོས་འགན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཡོད་པས། བར་བརྒལ་བདེ་འཁོད་དང་གེགས་རྗེས་བསྐྱར་སྐྲུན་གྱི་རིམ་པར་བསྐྱོད་པ་ཡིན་ཞེས་བསྟན་པ་རེད། གེགས་ཁུལ་དུ་མགྱོགས་མྱུར་ངང་གེགས་རྗེས་བསྐྱར་སྐྲུན་གྱི་འཆར་འགོད་ལག་ལེན་བསྟར་ཏེ་ལྗང་མདོག་སྐྱེ་ཁམས་བསྐྱར་སྐྲུན་གྱི་ལམ་བུར་བསྐྱོད་རྒྱུ་རེད།
           གསར་འགོད་པས་གེགས་ཁུལ་ནས་ཤེས་རྟོགས་བྱུང་གསལ་དུ། ད་ལྟ། གེགས་ཁུལ་གྱི་སྤྱི་ཚོགས་འཚོ་བའི་སྒྲིག་ལམ་ལེགས་པ་དང་། གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་བསྟུད་མར་སྤེལ་བཞིན་ཡོད་པ་རེད། ཚན་རིག་དང་མཐུན་པར་ས་གནས་འདེམས་པ་དང་ཉེན་གཡོལ་ཉེན་བྱོལ་རྩ་དོན་སློབ་སྟོན་དུ་བྱེད་རྒྱུར་དོ་སྣང་བྱས་ཏེ། ད་ལྟ་གེགས་ཁུལ་དུ་ཁྱོན་བསྡོམས་བདེ་འཁོད་ས་ཚིགས་305བཙུགས་ཡོད་ལ། མང་ཚོགས་ཁྲི་2.7བདེ་འཁོད་བྱས་ཡོད་པ་དང་། འགོས་ནད་སོགས་གཅིག་ཀྱང་བྱུང་མེད་པ་རེད། དམངས་སྲིད་དང་ནོར་སྲིད་སོགས་ཀྱི་སྡེ་ཁག་གིས་འཕྲལ་མར་བར་བརྒལ་དུས་ཀྱི་སྲིད་ཇུས་ཁྱབ་སྤེལ་བྱས་པ་དང་། གེགས་ཁུལ་གྱིས་ཧུར་ཐག་ངང་ཏང་ཡོན་ལས་བྱེད་པ་གྲོང་གསེབ་ཏུ་མངགས་ཏེ་མང་ཚོགས་ལ་བསམ་བློའི་སློབ་གསོ་དང་ཡོམ་རྗེས་ཀྱི་སེམས་ཁམས་འདྲི་རྩད་སློབ་སྟོན་དང་འགལ་ཟླ་ཁ་མཆུ་ཞིབ་བཤེར་གྱི་ལས་དོན་བསྒྲུབས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།