འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷོ་ཁ་ནས་གནམ་རྡོ་ཞིག་གསར་དུ་རྙེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་གནག་ཅིང་སྣུམ་ལ་ལྗིད་ཚད་ཁེ་3544ཡོད་པའི་ཟླུམ་རིལ་ཅན་གྱི་གནམ་རྡོ་ཞིག་བོད་ལྗོངས་ལྷོ་ཁ་ནས་གསར་དུ་རྙེད་པ་དང་། འདི་ནི་མིག་སྔར་ས་གནས་དེ་ག་ནས་གསར་དུ་རྙེད་པའི་གནམ་རྡོ་ཐོག་མ་རེད།
         གསར་འགོད་པའི་ཤེས་རྟོགས་བྱུང་གསལ། གནམ་རྡོ་འདི་ནི་བོད་ལྗོངས་དམངས་ཁྲོད་ཀྱི་གནམ་རྡོ་ལ་དགའ་པོ་ཡོད་པའི་ཝུའུ་ཏེ་ཧྲི་ཡིས་བཙལ་ནས་རྙེད་པ་རེད། རྒྱལ་སྤྱིའི་གནམ་རྡོ་སློབ་ཚོགས་ཀྱིས་1943ལོར་ལྷ་ས་ནས་ལྷོ་ཕྱོགས་སུ་རྐང་ཐང་ཉི་མ་གཉིས་འགོར་བའི་ས་གནས་སུ་གནམ་རྡོ་ཞིག་ལྷུངས་ཡོད་ཅེས་ཟིན་ཐོར་བཀོད་པ་རེད། གནས་ཚུལ་འདིས་ཝུའུ་ཏེ་ཧྲི་བོད་ལྗོངས་སུ་བསྐྱོད་ནས་གནམ་རྡོ་འདི་འཚོལ་བར་སྐུལ་འདེད་བཏང་བ་རེད། 
         བོད་ལྗོངས་སུ་སྐྱོད་ནས་ལོ་གསུམ་ཕྱིན་པའི་རིང་ལ། ཁོམ་ལོང་ཞིག་ཡོད་པ་ཙམ་དུ་ཝུའུ་ཏེ་ཧྲི་དཔྱད་གཞིའི་ཡིག་རིགས་སུ་འཁོད་པའི་ས་ཆ་རུ་ཕྱིན་ནས་གནམ་རྡོ་འཚོལ་གྱི་ཡོད་པ་རེད། "མི་ལ་བརྩོན་འགྲུས་ཡོད་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད"ཅེས་པ་ལྟར། ད་ལོ་ཟླ་བ་7པར། ལྷོ་ཁ་གྲོང་ཁྱེར་བསམ་ཡས་དགོན་གྱི་ཉེ་འདབས་ནས་ཝུའུ་ཏེ་ཧྲི་ཡིས་བསམ་ཡུལ་འདས་པའི་ངང་གནམ་རྡོ་དེ་རྙེད་པ་རེད།
         གནམ་རྡོ་འདིའི་རིགས་དང་རིན་ཐང་ངོས་འཛིན་ངེས་གཏན་སྔར་ལས་ལྷག་པར་བྱ་ཆེད། ཝུའུ་ཏེ་ཧྲི་ཡིས་གནམ་རྡོ་ཆེད་མཁས་པ་དང་པེ་ཅིང་གནམ་དཔྱད་ཁང་གི་ཚན་རྩལ་ཁྱབ་སྤེལ་པུའུ་ཡི་ཀྲུའུ་རེན་ཁོའུ་ཝུན་བཙལ་ནས་གསལ་འབྱེད་གནང་རོགས་ཞུས། ཁོའུ་ཝུན་གྱིས་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་རྩད་ཞིབ་གནང་སྟེ་ཞིབ་དཔྱད་ཚད་ལེན་དང་གསལ་འབྱེད་ཞིབ་ཚགས་གནང་རྗེས། འདི་ནི་བོད་ལྗོངས་སུ་མིག་སྔའི་བར་གསར་དུ་རྙེད་པའི་གནམ་རྡོ་ཐོག་མ་ཡིན་པ་ངོས་འཛིན་ངེས་གཏན་བྱས་པ་རེད། ཁོའུ་ཝུན་གྱིས་དེའི་སྔོན་དུ་བོད་ལྗོངས་སུ་ཟིན་ཐོ་བཀོད་པའི་གནམ་རྡོ་ནི་1983ལོར་རྙེད་པའི་སྙིང་རིའི་གནམ་རྡོ་ཁོ་ན་རེད་ཅེས་བསྟན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་སྤྱིའི་གནམ་རྡོ་སློབ་ཚོགས་ཀྱི་མིང་འདོགས་པའི་གོམས་སྲོལ་ལྟར་ན། སྤྱིར་བཏང་དུ་གནམ་རྡོ་རྙེད་ས་དང་ཐག་ཉེ་སའི་སྦྲག་ཁང་གི་མིང་འདོགས་ཀྱི་ཡོད་པ་རེད། ཡིན་ནའང་། དོན་དངོས་སུ་ས་ཆ་ཧ་ཅང་མང་པོར་སྦྲག་ཁང་མེད་པས། ས་ཆ་དེའི་མིང་འདོགས་ཀྱི་ཡོད་པ་རེད། ཝུའུ་ཏེ་ཧྲི་ཡིས་ཟླུམ་རིལ་ཅན་གྱི་གནམ་རྡོ་འདི་ལ"ལྷོ་ཁའི་གནམ་རྡོ"ཞེས་པའི་མིང་འདོགས་སྲིད་སྙམ་གྱི་ཡོད་པ་རེད།
         གནམ་རྡོ་འཚོལ་བ་དང་དུས་མཉམ་དུ་ཝུའུ་ཏེ་ཧྲི་ཡིས་དུས་ཡུན་རིང་པོར་གནམ་རྡོ་དང་གནམ་དཔྱད་འགྲེམས་སྟོན། དེ་བཞིན་གནམ་རྡོའི་ཤེས་བྱ་དང་ཚན་རིག་ཁྱབ་གདལ་ལ་གཞོལ་བ་མ་ཟད། ད་དུང་2016ལོར་ལྷ་སར་བོད་ལྗོངས་གནམ་རྡོ་འགྲེམས་སྟོན་ཁང་ཐོག་མ་བཙུགས་པ་རེད། དེ་ནི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཀྱི་གནམ་རྡོ་འགྲེམས་སྟོན་ཁང་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།