འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།བོད་ལྗོངས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་གནད་
    དོན་ཞིག་བརྡ་ཁྱབ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་སྣེའུ་ཤང་གི་ལས་བྱེད་པ་ཕུར་བུ་དོན་གྲུབ་ཀྱིས་གྲོང་མིའི་སྲིད་གཞུང་གི་བཀོད་སྒྲིག་ཁང་པའི་རང་གྲབས་དངུལ་གཞན་སྤྱོད་བྱས་པའི་གནད་དོན། ཕུར་བུ་དོན་གྲུབ་ཀྱིས་སྣེའུ་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་ཀྲུའུ་རེན་གྱི་འགན་ཁུར་བའི་རིང་ལ། གོ་གནས་ཐོག་གི་སྟབས་བདེར་བརྟེན་ནས་གྲོང་མི་དུད་ཚང་11ལ་སྲིད་གཞུང་གི་བཀོད་སྒྲིག་ཁང་པའི་རང་གྲབས་དངུལ་འབོར་སྒོར་ཁྲི་119ལྷག་རང་གིས་ཉར་ནས། གཏན་འབེབས་བཞིན་དུས་ཐོག་ཏུ་ནོར་སྲིད་ཅུས་ལ་སྤྲད་མེད་པ་མ་ཟད། དེའི་ཁྲོད་ནས་སྒོར་ཁྲི་102རང་སྒེར་གྱི་མིང་ཐོག་ནས་མི་གཞན་ལ་གཡར་ཞིང་། སྐྱེད་ཀའི་དངུལ་སྒོར་ཁྲི་10བླངས་ནས་རང་སྒེར་གྱིས་བག་མེད་ལོངས་སྤྱོད་བྱས་པ་རེད། ཕུར་བུ་དོན་གྲུབ་ལ་ཏང་གི་སྐྱིད་སྡུག་ནས་འབུད་པ་དང་། ལས་ཁོངས་ནས་འབུད་པའི་ཆད་པ་བཅད་པ་དང་། ཁྲིམས་འཛིན་ལས་ཁུངས་ཀྱི་ཁྲིམས་གཅོད་ཡང་དང་ལེན་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།