འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།"བོད་པའི་ཤོམ་འགྲན་བསྡུར་ཆེན་པོ་སྐབས་དང་པོ"ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།'བོད་པའི་ཤོམ་འགྲན་བསྡུར་ཆེན་པོ་སྐབས་དང་པོ'ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དུ་གཉེར་བ།
         མཚོ་སྔོན་པོའི་འགྲམ་ནས་ཡོང་བའི་བོད་རིགས་ཕོ་གསར་རྡོ་རྗེ་ཚེ་བརྟན་ནི་ཧྲེན་ཀྲེན་དུ་ལས་ཀ་ལས་བཞིན་ཡོད་པ་དང་། ཁོང་གིས"བོད་པའི་ཤོམ་འགྲན་བསྡུར་ཆེན་པོ"གཉེར་རྒྱུ་ཡིན་པ་གོ་མ་ཐག་ཆེད་དུ་དགོངས་པ་ཉིན་40ལྷག་ཞུས་ནས"བོད་པའི་ཤོམ་འགྲན་བསྡུར་ཆེན་པོ"ལ་ཞུགས་པར་ཡོང་བའི་ཐོག་ནས"བོད་པའི་ཤོམ"ལ་ཡིད་དབང་འཕྲོག་ཤུགས་ཆེན་པོ་ཇི་ལྟར་ལྡན་པ་ར་སྤྲོད་བྱས་པ་རེད། "བོད་པའི་ཤོམ་འགྲན་བསྡུར་ཆེན་པོ"ཡི་རྟིང་རྩོད་འགྲན་བསྡུར་ཐོག་རྡོ་རྗེ་ཚེ་བརྟན་གྱིས་ཁོང་གི་ཨ་མྱེས་ཀྱི་བཞག་པའི་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་གྱོན་ནས་ཞུགས་ཤིང་། ཁོང་གིས་འགྲེམས་སྟོན་བྱེད་སྟངས་འདི་ལྟར་བྱེད་པར་བརྟེན་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།
         བྱུ་རུ་དང་གསེར་གཡུ་སོགས་ཀྱི་རྒྱན་ཆ་འདོགས་པའི་ལོ་22ཡིན་པའི་བོད་རིགས་གཞོན་ནུ་མ་ཀུན་བཟང་སྒྲོལ་མས་འབྲི་སྟོད་རྫོང་གི་བོད་ཀྱི་མནའ་མའི་རྒྱན་གོས་གྱོན་ནས་འགྲེམས་སྟོན་བྱས་པ་རེད། ཀུན་བཟང་སྒྲོལ་མས"ན་གཞོན་ཚོས་སྲོལ་རྒྱུན་གྱི་རྒྱན་གོས་གྱོན་པ་ཅུང་ཉུང་ཞིང་། ངས་བོད་ཀྱི་གཞི་རྒྱུ་ལྡན་པའི་རྒྱན་གོས་སྔར་ལས་མང་བ་རྒྱལ་སྤྱིའི་གར་སྟེགས་སུ་བསྐྱོད་ནས་འཛམ་གླིང་ཡོངས་ཀྱིས་བོད་ཀྱི་རིག་གནས་ལ་དགའ་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད"ཅེས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི"བོད་པའི་ཤོམའགྲན་བསྡུར་ཆེན་མོ"ལ་ཁྱོན་བསྡོམས་འགྲན་ཞུགས་པ་1000ལྷག་ཞུགས་ཡོད་པ་དང་། མཐའ་མཇུག་ཏུ་འགྲན་ཞུགས་པ་65རིམ་འཕར་བྱུང་ནས་རྟིང་རྩོད་འགྲན་བསྡུར་ལ་ཞུགས་པའི་གོ་སྐབས་ཐོབ་ཅིང་། རྟིང་རྩོད་འགྲན་བསྡུར་ལ་ཀན་སུའུ་ཞིང་ཆེན་ཐེ་བོ་ནས་ཡིན་པའི་སངས་རྒྱས་དོན་འགྲུབ་དང་ཡུན་ནན་ཞིང་ཆེན་བདེ་ཆེན་ནས་ཡོང་བའི་ཚེ་དབང་ཆོས་སྒྲོན། སི་ཁྲོན་ཞིང་ཆེན་གསེར་རྟ་ནས་ཡོང་བའི་ཚེ་རིང་དབང་ཕྱུག་སོ་སོར་ཨང་དང་པོ་དང་གཉིས་པ་གསུམ་པ་བཅས་ཐོབ་པ་རེད།
    【1】  【2】
      

    ཕྱོགས་བསྡུས་གསར་འགྱུར།