འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བུད་མེད་ཀྱིས་ལས་ཞུགས་འབབ་འཕར་ལ་བརྟེན་ནས"གནམ་ཕྱེད་ཀ"འདེགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བུད་མེད་ཀྱིས་ལས་ཞུགས་འབབ་འཕར་ལ་བརྟེན་ནས'གནམ་ཕྱེད་ཀ'འདེགས་པ།
         མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། “གནད་སྨིན་དབུལ་སྐྱོར”ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཧོ་པེ་ཞིང་ཆེན་ཁྲེང་ཨན་རྫོང་གིས་གྲོང་གསེབ་བུད་མེད་ཀྱི་ཁྱིམ་དུ་རྒན་རྒོན་དང་བུ་ཕྲུག་ལ་ལྟ་རྟོག་བྱས་ནས་ཕྱིར་གླ་པ་རྒྱུག་པར་འགྲོ་ཁོམ་མེད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། རྩལ་ནུས་གསོ་སྦྱོང་དང་། ལས་གནས་སུ་ཞུགས་པ། ཐོན་ལས་ལ་བརྟེན་ནས་སྐུལ་འདེད་གཏོང་བ། མ་དངུལ་ལ་བརྟེན་ནས་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་རྒྱ་ཆེའི་གྲོང་གསེབ་ཀྱི་བུད་མེད་རྣམས་སྒོ་རྩར་ལག་ཤེས་ལས་སྣོན་གཙོ་བོར་བྱེད་པའི་དབུལ་སྒྲོལ་ལས་ཞུགས་དང་ལས་གཏོད་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་དང་སྒྲིག་འཛུགས་བྱས་ཡོད། མིག་སྔར་རྫོང་དེ་ཡོངས་སུ་གྲོང་གསེབ་ཀྱི་བུད་མེད་ཁྲི་2ཙམ་གྱིས་ཐོན་སྐྱེད་འཐབ་ཕྱོགས་དང་པོར་ལས་དོན་སྤེལ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།