འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།གཟི་ཚ་སྡེ་དགུའི་ས་ཡོམ་ཁུལ་དུ་གནས་སྐབས་བདེ་འཁོད་ས་ཆ་བདེ་འཇགས་ཡིན་མིན་གྱི་ཞིབ་
    བཤེར་བྱས་ཚར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་རྒྱལ་ཁབ་ས་ཁམས་ཐོན་ཁུངས་ཅུད་ནས་ཤེས་རྟོགས་བྱུང་གསལ་དུ། ད་ལྟ། གཟི་ཚ་སྡེ་དགུའི་ས་ཡོམ་གེགས་ཁུལ་གྱི་གནས་སྐབས་བདེ་འཁོད་ས་ཆ་བདེ་འཇགས་ཡིན་མིན་གྱི་ཞིབ་བཤེར་ལས་དོན་བསྒྲུབ་ཚར་བ་དང་། གནས་སྐབས་བདེ་འཁོད་ཁུལ་324ནང་། བདེ་འཁོད་ཁུལ་བཞི་ས་གནས་གཞན་པ་ཞིག་འཚོལ་བ་དང་།  བདེ་འཁོད་ཁུལ་གཞན་པ་བཞི་ནི་འཛུགས་མཚམས་བཞག་པ་རེད།
          ས་ཡོམ་ལྟེ་གནས་ཁུལ་ཉེ་འཁོར་གྱི་མི་གྲངས་མང་བའི་གནས་སྐབས་བདེ་འཁོད་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་པ་དང་། ས་ཡོམ་གྱི་ཞོར་ཐོན་གནོད་འཚེ་ལས་མང་ཚོགས་ལ་གནོད་འཚེ་འབྱུང་ཐེངས་གཉིས་པ་མི་ཡོང་བར་བྱེད་ཆེད། སི་ཁྲོན་ཞིང་ཆེན་གྱིས་ཐོག་མ་ཉིད་ནས་གནས་སྐབས་བདེ་འཁོད་ཁུལ་བདེ་འཇགས་ཡིན་མིན་གྱི་ཞིབ་བཤེར་ལས་དོན་སྤེལ་བ་རེད།
          ཐེངས་འདིར་ཁྱོན་བསྡོམས་གནས་སྐབས་བདེ་འཁོད་ཁུལ་324ལ་ཞིབ་བཤེར་བྱས་པ་དང་། དེའི་ནང་འོས་འཚམ་རང་བཞིན་ཞན་པའི་བདེ་འཁོད་ཁུལ་6དང་འོས་འཚམ་མིན་པའི་བདེ་འཁོད་ཁུལ་2(མི་སྣ་འདུག་གནས་བཀོད་སྒྲིག་མ་བྱས་པ་)ཡོད་པརེད། འོས་འཚམ་རང་བཞིན་ཞན་པ་དང་འོས་འཚམ་མིན་པའི་གནས་སྐབས་བདེ་འཁོད་ཁུལ་བརྒྱད་ལ། ས་གནས་གཞན་ཞིག་བཙལ་ནས་བདེ་འཇགས་ཡིན་མིན་ཞིབ་བཤེར་བྱེད་རྒྱུ་དང་། གཞན་ལྷག་མ་བཞི་པོར་མི་སྣ་བཀོད་སྒྲིག་མ་པར་དོར་བའི་གྲོས་འགོ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།