འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འགག་སྒོའི་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་ཕྱེད་ཀ་ལྷག་ཙམ་ཉུང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་8ཚེས་8ཉིན་ནི་འགག་སྒོའི་ཁྲིམས་སྐྱོང་དྲིལ་བསྒྲགས་ཉིན་མོ་ཐེངས་15པ་ཡིན་པ་རེད། གསར་འགོད་པས་འགག་སྒོ་སྤྱི་ཁྱབ་ཧྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཉེ་ལམ་ལོ་ཤས་རིང་ཁྲིམས་བཞིན་སྲིད་འཛིན་ལ་སྐུལ་འདེད་ཧུར་ཐག་བཏང་བས་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་ཕྱེད་ཀ་ལྷག་ཙམ་ཉུང་དུ་ཕྱིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་འགག་སྒོའི་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་དེ་སྔའི་24ནས་ད་ཆའི་11བར་ཉུང་དུ་ཕྱིན་ནས་དོན་ཚན་13མེད་པ་བཟོས་པ་དང་། སྲིད་འཛིན་ཆོག་འཐུས་མིན་པའི་ཞིབ་མཆན་འགོད་པའི་དོན་ཚན་ཡོངས་རྫོགས་མེད་པ་བཟོས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙོ་གནད་སྡེ་ཚན་ལ་བཀོད་སྒྲིག་བྱས་པའི་གཙང་བཤེར་དམིགས་ཚད་ལེགས་སྒྲུབ་བྱས་ཡོད་པ་རེད།
    རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཚན་གྱི་དབང་ཆ་དང་འགན་འཁྲིའི་གསལ་ཐོ་རྩོམ་བཟོ་བྱེད་མཁན་ཚོད་ལྟའི་ཚན་པ་7གྱི་གྲས་ཤིག་ཡིན་པའི་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་དབང་ཆ་དང་འགན་འཁྲིའི་གསལ་ཐོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་བཤེར་གཏན་འབེབས་དང་གྲོས་འཆམ་བྱུང་བ་དང་འབྲེལ་སྤྱི་ཚོགས་ཡོངས་སུ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་ནང་ཁྱོན་ཁྱབ་ཁོངས་6གི་དབང་འགན་དོན་ཚན་17(ཡན་ལག་དོན་ཚན་70ཚུད་)ཚུད་ཡོད་པ་རེད། དེ་དང་ཆབས་ཅིག་དབང་ཆ་འཁོར་སྐྱོད་ལས་རིམ་རི་མོ་དང་ཞབས་ཞུའི་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ནུས་ལྡན་བྱས་ཡོད་པ་རེད།
         རྩོད་གཞི་ཐོན་སླ་བའི་སྲིད་འཛིན་འདུམ་གཅོད་དབང་ཆའི་གནད་དོན་ལ་གཞིགས་ནས་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་སྲིད་འཛིན་འདུམ་གཅོད་དབང་ཆ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ནས་འདུམ་གཅོད་ཀྱི་གཙོ་གནད་དོན་ཚན་རེ་རེ་བཞིན་ཁ་གསལ་བཟོ་བ་དང་། བྱ་ཐབས་ཁག་230ཁ་གསལ་བཟོས་ནས་100%ལ་ཁྱབ་པ་བྱས་ཡོད་པ་རེད། དཔྱད་བཤེར་དང་། ཁྲལ་བསྡུ། ཆད་གཅོད་སོགས་ཀྱི་གཙོ་གནད་སྲིད་འཛིན་འདུམ་གཅོད་དབང་ཆ་ཁག་20ལ་གཞིགས་ནས་འདུམ་གཅོད་ཚད་གཞི་རིགས་ཕྱེ་ནས་བཟོས་ཏེ་དངོས་ཚན་ཚོད་འཛིན་དང་གོ་རིམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།