འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཏན་ཏིག་སྤེལ་
    བཞིན་ཡོད་པ།

    དབང་པོ་སྐྱོན་ཅན་མི་ཁྲི་2.23ཡིག་ཚགས་དང་གཱ་བཟོ་བའི་ཁྱབ་ཁོངས་ནང་བཅུག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་གསར་འགོད་པས་བོད་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་ཀྱིས་དབང་པོ་སྐྱོན་ཅན་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཞན་ཆར་དམིགས་ནས་དབང་པོ་སྐྱོན་ཅན་དབུལ་པོར་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་དང་དབང་པོ་སྐྱོན་ཅན་དབུལ་པོ་དབུལ་སྒྲོག་འགག་སྒྲོལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ནས་དབང་པོ་སྐྱོན་ཅན་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ལས་དོན་སྤེལ་མགྱོགས་སུ་བཏང་ཡོད་པ་རེད། མིག་སྔའི་བར་བོད་ཀྱི་དབང་པོ་སྐྱོན་ཅན་མི་ཁྲི་2.23ཡིག་ཚགས་དང་གཱ་བཟོ་བའི་ཁྱབ་ཁོངས་ནང་བཅུག་པ་དང་། ཞིང་འབྲོག་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་རྣམ་གྲངས་ལག་བསྟར་ཧུར་ཐག་བྱས་ཏེ་མ་དངུལ་སྒོར་ཁྲི་1030.5བཏང་ནས་དབང་པོ་སྐྱོན་ཅན་དབུལ་པོ་མི་གྲངས་5874ལ་གསོ་སྦྱོང་བྱས་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ལས་དོན་གྱི་བླང་བྱ་གཞིར་བཟུང་། སྔོན་ལ་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་སྡོད་ཁང་འགན་ལེན་བྱེད་པ་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་དབུལ་པོའི་དུད་ཚང་1500ལ་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱེད་རོགས་བྱས་ནས་དབང་པོ་སྐྱོན་ཅན་དབུལ་པོའི་ཁྱིམ་ཚང་917ལ་སྡོད་ཁང་སྒྱུར་བཀོད་བྱས་ཡོད་པ་དང་། དབང་པོ་སྐྱོན་ཅན་དབུལ་པོ་མི་ཁྲི་1.08ལ་གློག་སྒུལ་རྐུབ་སྟེགས་འཁོར་ལོའི་སྣུམ་རིན་ཁ་གསབ་རོགས་དངུལ་སྤྲད་པ། “ཉི་འོད་ཁྱིམ་གཞིས་འཆར་གཞི”ལག་བསྟར་བྱས་ནས་དབང་པོ་སྐྱོན་ཅན་དབུལ་པོ་མི་ཁྲི་1.62ལ་ཁྱིམ་ཚང་གསོ་བཅོལ་ཞབས་འདེགས་ཞུས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།