འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རྫོང་14རྒྱལ་ཁབ་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་
    ཕྱོགས་བསྡུས་དཔེ་སྟོན་རྫོང་དུ་གཏན་འཁེལ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་13ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་སྤེལ་བ་ནས་བཟུང་2015ལོར་བོད་རང་སྐྱོང་ལྗོངས་སུ་རྫོང་4དང་། 2016དང་2017ལོར་རྫོང་5ཁག་སོ་སོ་རྒྱལ་ཁབ་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་དུ་གཏན་འཁེལ་བྱུང་ཡོད། མིག་སྔར་བོད་ལྗོངས་ཀྱི་རྫོང་14རྒྱལ་ཁབ་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་དུ་གཏན་འཁེལ་བྱུང་ཡོད། དཔེ་སྟོན་རྫོང་ཁག་གིས“དྲ་སྦྲེལ་དང་གནད་སྨིན་དབུལ་སྐྱོར་ཟུང་དུ་འབྲེལ་བའི”བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད།
          རྒྱལ་ཁབ་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་ལ་གཏན་འཁེལ་བྱུང་བ་དེས“དྲ་སྦྲེལ་དང་། ཡུལ་སྐོར། ཞིང་ལས་ཁྱད་ལྡན་ཐོན་ཟོག་བཅས་ཟུང་འབྲེལ”གྱི་གཉེར་སྐྱོང་བྱེད་སྟངས་གཙོ་གནད་ཐོག་བཏོད་པ་དང་། ཡུལ་སྐོར་ལྟེ་བར་བྱེད་པའི་རྫོང་ཁོངས་སུ་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བྱ་ཐབས་འཚོལ་ཞིབ་ནུས་ལྡན་བྱས་ཡོད། དེའི་ནང་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གིས་ཞིང་འབྲོག་པ་དབུལ་པོའི་དུང་ཚང་གི་ཁྱད་ལྡན་ཞིང་ལས་ཐོན་ཟོག་ཞོག་དམར་སྔོན་ལ་ཉོ་སྒྲུབ་བྱས་ནས་དྲ་ཕྱི་བརྒྱུད་ནང་སའི་ཁྱད་ལྡན་སྒོ་རྩིས་ཚོང་ཁང་དུ་བཙོངས་པ་དང་། དྲ་ཐོག་གི་ཁྱད་ལྡན་ཚོང་ཁང་སོགས་ལས་སྟེགས་དང་ཟུང་འབྲེལ་བྱས་ནས་གཅིག་གྱུར་ཐོག་སྤུས་རྟགས་ཁྱབ་གདལ་དང་ཕྱིར་ཚོང་བྱས་པར་དུད་ཚང་དབུལ་པོ་21གི་སྣེ་ཁྲིད་པས་འབབ་འཕར་སྒོར་ཁྲི་4ལྷག་ཙམ་བྱུང་ཡོད། ལྷོ་བྲག་རྫོང་གིས་བེ་ཤ་དང་སྣུམ་སོགས་བྲིན་ཁ་མི་རྒྱུག་པའི་གནད་དོན་ལ་དམིགས་ནས་ད་ཡོད་ཀྱི་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་ལ་བརྟེན་ནས“བོད་ལྗོངས་ལྷོ་རྒྱུད་ཀྱི་ཁྱད་ལྡན་ཐོན་ཟོག”ཅེས་པའི་ཚོང་རྟགས་ཐོ་འགོད་བྱས་པ་དང་འབྲེལ་དྲ་ཕྱིའི་མྱོང་རོལ་ཚོང་ཁང་བཙུགས་པས་དྲ་ཐོག་དང་དྲ་ཕྱིར་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས་ཐུབ་ཡོད།
          བོད་ལྗོངས་ཀྱིས“ཐོན་ལས་དབུལ་སྐྱོར་དང་། ལས་གཏོད་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར”བཅས་ཐབས་ཇུས་ཆེ་གྲས་གསུམ་ནས་འགོ་བཙུགས་ཏེ“དྲ་སྦྲེལ་དང་གནད་སྨིན་དབུལ་སྐྱོར་ཟུང་དུ་འབྲེལ་བའི”དབུལ་སྐྱོར་གྱི་རྣམ་པ་ཞིག་ཆགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་ས་ཁུལ་དཔལ་མགོན་རྫོང་གིས་དྲ་ཐོག་ཚོང་དོན་གསོ་སྦྱོང་བྱེད་རིང་དུད་ཚང་དབུལ་པོར་དམིགས་ནས་དུས་ཐེངས་གསུམ་གྱི་ལས་གཏོད་སྐྱེད་སྲིང་གི་གསོ་སྦྱོང་བྱས་པ་དང་། ཞིང་འབྲོག་པར་དྲ་ཐོག་ཚོང་ཁང་འཛུགས་རོགས་བྱས་པས་དྲ་ཐོག་ཚོང་དོན་གྱི་ལས་གཏོད་མངོན་འགྱུར་བྱུང་ཡོད། མིག་སྔའི་བར་མི་འབོར་དབུལ་པོ་23གྱི་ལས་གཏོད་ལ་ཁྲིད་སྟོན་བྱས་ཡོད། མངའ་རིས་མཚོ་ཆེན་རྫོང་གིས་ཀྱང་མང་ཚོགས་ལ་དྲ་ཐོག་ཚོང་ཁང་23འཛུགས་རོགས་བྱས་ནས་མི་36གི་ལས་གཏོད་ལ་ཁྲིད་སྟོན་བྱས་ཡོད།
         དཔེ་སྟོན་རྫོང་ཁག་གིས་རྒྱུན་འཁོར་དྲ་རྒྱའི་ཐོན་ཁུངས་བསྡུ་སྒྲིལ་དང་བེད་སྤྱོད་བྱས་ནས་ཞིང་འབྲོག་ཁུལ་རྒྱུན་འཁོར་གྱི“ཐོག་མའི་འགག་གནད”དང“མཐའ་མའི་འགག་གནད”ཀྱི་ཟོག་འགྲེམས་ཐད་ཀྱི་དཀའ་གནད་བསལ་ཡོད། དྲ་ཐོག་ཚོང་དོན་གྱི་ཤེས་བྱ་དྲིལ་བསྒྲགས་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། མང་ཚོགས་ཀྱི་དྲ་ཞུགས་བཀོལ་སྤྱོད་ཆུ་ཚད་མཐོ་རུ་ཕྱིན་པ་དང་། ས་གནས་ཀྱི་མང་ཚོགས་ལ་ཚབ་ཉོའི་ཞབས་ཞུ་བསྒྲུབས་ཏེ་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ལ་སྐུལ་མ་ཐེབས་ཡོད།
         དྲ་ཐོག་ཚོང་དོན་ཞིང་འབྲོག་ཁུལ་དུ་འཕེལ་རྒྱས་གཏིང་ཟབ་བྱུང་བ་དང་བསྟུན་དྲ་ཐོག་ཚོང་དོན་གྱི་ཞབས་ཞུའི་ལས་རིགས་ཀྱང་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་རྣམ་པ་ཐོན་ནས་ཆེད་ལས་ཞབས་ཞུ་དེ་བས་མང་བ་ཁྲོམ་རར་བསྐྱོད་པ། དཔེར་ན་མཛེས་བཟོ་ཇུས་འགོད་དང་། མྱུར་སྐྱེལ། གཉེར་ཚོང་སོགས་ཀྱིས་གསར་གཏོད་ལས་གཏོད་ལ་སྣེ་ཁྲིད་ནུས་ལྡན་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།