འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་1པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས་10%འཕར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་13ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་དོན། ཟླ་7པར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་16457ཟིན་པ་དེ་དུས་མཚུངས་ལས་11.1%འཕར་ཡོད། ཟླ་བ་དང་པོ་ནས་བདུན་པའི་བར་རིམ་རྩིས་བྱས་ན་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་110762ཟིན་པ་དེ་དུས་མཚུངས་ལས་10%འཕར་ཡོད། དེའི་ནང་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་94503ཟིན་པ་དེ་དུས་མཚུངས་ལས་11.2%འཕར་བ་དང་། ཁྲལ་བསྡུ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར་16259ཟིན་པ་དེ་དུས་མཚུངས་ལས་3.4%འཕར་ཡོད་པ་རེད།
          ཟླ་བ་དང་པོ་ནས་བདུན་པའི་བར་རིམ་རྩིས་བྱས་ན། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་116979ཟིན་པ་དེ་དུས་མཚུངས་ལས་14.5%འཕར་ཡོད། གཏོང་སྒོ་གཙོ་བོའི་རྣམ་གྲངས་གནས་ཚུལ་ནས་བལྟས་ན། སློབ་གསོར་སྒོར་དུང་ཕྱུར་17088བཏང་བ་དང་འཕར་ཚད་15.3%ཟིན་པ་དང་། ཚན་རིག་ལག་རྩལ་ལ་སྒོར་དུང་ཕྱུར་3413བཏང་བ་དང་འཕར་ཚད་23.4%ཟིན་པ། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་ལ་སྒོར་དུང་ཕྱུར་1524བཏང་བ་དང་འཕར་ཚད་13.8%ཟིན་པ། སྤྱི་ཚོགས་འགན་ལེན་དང་ལས་ཞུགས་ལ་སྒོར་དུང་ཕྱུར་16127བཏང་བ་དང་འཕར་ཚད་23.5%ཟིན་པ། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙར་སྒོར་དུང་ཕྱུར་9387བཏང་བ་དང་འཕར་ཚད་16.7%ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་དང་སྡེ་ཁུལ་ལ་སྒོར་དུང་ཕྱུར་12742བཏང་བ་དང་འཕར་ཚད་16.9%ཟིན་པ། ཞིང་ནགས་ཆུ་བཅས་ལ་སྒོར་དུང་ཕྱུར་9821བཏང་བ་དང་འཕར་ཚད་10.6%ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།