འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་སྒོར་དུང་ཕྱུར་སྟོང་གི་ཐོན་ལས་དབུལ་སྐྱོར་གྱི་ཆེད་དོན་དངུལ་བུན་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་13ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་《ཀན་སུའུ་ཞིང་ཆེན་གྱི་ཐོན་ལས་དབུལ་སྐྱོར་གྱི་ཆེད་དོན་དངུལ་བུན་གཏོང་བའི་ལག་བསྟར་བསམ་འཆར་》བཀྲམ་སྟེ་ཞིང་ཆེན་ཡོངས་ཀྱི་ཡུག་སྦྲེལ་རྫོང་དབུལ་པོ་58དང་ཐར་ཐོར་རྣམ་པའི་རྫོང་དབུལ་པོ་17ལ་ཐོན་ལས་དབུལ་སྐྱོར་གྱི་ཆེད་དོན་དངུལ་བུན་གཏོང་བའི་འདུ་འགོད་ལག་ལེན་བསྟར་རྒྱུའི་གཏན་འབེབས་བྱས་ཡོད། དངུལ་རྩའི་སྒྲིག་གཞིས་ལོ་ལྔའི་རིང་དངུལ་བུན་སྒོར་དུང་ཕྱུར་1000བཏང་ནས་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་དང་རྫོང་གྲོང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་སྤྲོད་རྒྱུ་དང་འབྲེལ་གནས་ཚུལ་ལ་གཞིགས་ནས་རིམ་གྱིས་ཞིང་ཆེན་ཡོངས་སུ་ཁྱབ་པ་བྱ་རྒྱུ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཐོན་ལས་དབུལ་སྐྱོར་གྱི་ཆེད་དོན་དངུལ་བུན་དེ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཀན་སུའུ་ཞིང་ཆེན་ཡན་ལག་དངུལ་ཁང་དང་། ཞིང་ལས་དངུལ་ཁང་ཀན་སུའུ་ཞིང་ཆེན་ཡན་ལག་དངུལ་ཁང་། ཀན་སུའུ་ཞིང་ཆེན་གྲོང་གསེབ་ཡིད་རྟོན་དངུལ་ཁང་། ཀན་སུའུ་དངུལ་ཁང་། ལན་ཀྲོའུ་དངུལ་ཁང་བཅས་ཀྱིས་ལོ་ལྔའི་རིང་དངུལ་བུན་སྒོར་དུང་ཕྱུར་1000གཏོང་རྒྱུ་དང་དངུལ་བུན་གྱི་སྐྱེད་འབབ་དེ་རྒྱལ་ཁབ་ཀྱི་དུས་མཚུངས་གཞི་རྩའི་སྐྱེད་ཚད་ཀྱི་རྨང་གཞིའི་ཐོག་འཕར་ཚད་མཐོ་ཤོས་སུའང་30%ལས་མི་བརྒལ་བ་བྱ་རྒྱུ་དང་དུས་ཚད་ལོ་3ནས་5བར་ཡིན་པས་ཚང་མ་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྤྱད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།