འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་མ་རྩ་མཉམ་འདྲེས་གཞི་ཁྱོན་འཕར་ གྲངས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་
    གསར་པ་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་13ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། འདི་ལོའི་ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་མ་རྩ་མཉམ་འདྲེས་གཞི་ཁྱོན་འཕར་གྲངས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་587.98ཟིན་སྟེ། དངུལ་རྩའི་ལས་སྒོ་དེ་ཉིད་བོད་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་ཐོན་ལས་གལ་ཆེན་དུ་གྱུར་ཡོད་པ་རེད།
              ཚེས་7ཉིན་གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་མ་རྩ་མཉམ་འདྲེས་གཞི་ཁྱོན་འཕར་གྲངས་ལོ་གོང་མའི་དུས་མཚུངས་ལས་57.9%འཕར་ཡོད། དེའི་ནང་བར་བརྒྱུད་ཀྱིས་མ་རྩ་མཉམ་འདྲེས་སྒོར་དུང་ཕྱུར་569ཟིན་པས་སྤྱི་ཚོགས་ཀྱི་མ་རྩ་མཉམ་འདྲེས་འཕར་གྲངས་ཀྱི་96.8%བཟུང་ཡོད། སྤྱི་ཚོགས་ཀྱི་མ་རྩ་མཉམ་འདྲེས་གཞི་ཁྱོན་སྒོར་དུང་ཕྱུར་5000ཙམ་ཟིན་གྱི་ཡོད་པའི་ནང་ཐད་ཀར་མ་རྩ་མཉམ་འདྲེས་གྲངས་འབོར་སྒོར་དུང་ཕྱུར་310ཟིན་པ་དེ་ལོ་སྟོད་དང་བསྡུར་ན་4.8%འཕར་ཡོད་པ་རེད།
            “གྲུབ་ཆའི་ཐད་ནས་བལྟས་ན། བོད་ལྗོངས་སུ་ལོ་སྟོད་དུ་སྤྱི་ཚོགས་ཀྱི་མ་རྩ་མཉམ་འདྲེས་གཞི་ཁྱོན་སྔར་བཞིན་བར་བརྒྱུད་ཀྱིས་མ་རྩ་མཉམ་འདྲེས་བྱས་པ་གཙོ་བོ་རེད། ཟླ་6པའི་ཟླ་མཇུག་ཏུ་སླེབས་སྐབས། ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་རྩིས་གཞིའི་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་3535.42ཟིན་པ་དེ་ལོ་སྟོད་དང་བསྡུར་ན་16%འཕར་ཡོད། དངུལ་བུན་གྱིས་ཞིང་གསུམ་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་སོགས་དཔལ་འབྱོར་ཉམས་ཞན་ལྷུ་ཚིགས་ལ་གཙོ་བོ་རྒྱབ་སྐྱོར་བྱས་པ་དང་ཞིང་འབྲེལ་དངུལ་བུན་དང་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་འཕར་ཚད་ལོ་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོ་རྒྱུན་འཁྱོངས་བྱས་ཡོད”ཅེས་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ལི་ཡུས་ཧྥུ་ཡིས་བཤད།
             བོད་ལྗོངས་ཀྱི་རྩིས་ཕྱིའི་མ་རྩ་མཉམ་འདྲེས་དེ་ལོ་གོང་མ་དང་བསྡུར་ན་ཆེས་ཆེར་འཕར་ཞིང་། རྩིས་ཕྱིའི་མ་རྩ་མཉམ་འདྲེས་རིམ་རྩིས་བྱས་ན་འཕར་གྲངས་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་90འཕར་ཡོད། དེའི་ནང་མངགས་བཅོལ་དངུལ་བུན་དང་ཡིད་རྟོན་མངགས་བཅོལ་དངུལ་བུན་གཉིས་པོ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་3དང་སྒོར་དུང་ཕྱུར་90ལྷག་ཙམ་སོ་སོར་འཕར་ཡོད། སྔོན་སྤྲོད་མ་བྱས་པའི་དངུལ་ཁང་གི་དངུལ་འགྲུལ་འཛིན་ཡིག་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་སྒོར་དུང་ཕྱུར་6.4ཆག་ཡོད། གཞན་ཡང་མ་རྐང་མ་རྩ་མཉམ་འདྲེས་དང་ཁེ་ལས་ཀྱི་བུན་འཛིན་གྱི་མ་རྩ་མཉམ་འདྲེས་ཀྱང་ཇེ་མཐོར་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།