འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་གེགས་རྗེས་ཆུ་བེད་ཀྱི་ཉམས་ཞན་ལྷུ་ཚིགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་
    ཧུར་ཐག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་13ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། འབྲུབ་འགོག་ཞོད་འགོག་དང་ཉེན་སེལ་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་ཆུ་བེད་འཕེལ་རྒྱས་མ་དངུལ་གྱི་སྔོན་རྩིས་གཏོང་འབོར་མང་དུ་བཏང་སྟེ་2017ལོར་རིམ་ཁག་ནོར་སྲིད་ཀྱི་སྔོན་རྩིས་གཏོང་འབོར་10.84%འཕར་ནས་གཙོ་བོ་གེགས་རྗེས་ཆུ་བེད་ཀྱི་ཉམས་ཞན་ལྷུ་ཚིགས་འཛུགས་སྐྲུན་ལ་འགྲོ་སོང་མང་པོ་གཏོང་དགོས་པའི་དགོས་མཁོ་བསྐང་རྒྱུར་སྤྱད་ཡོད། 2017ལོར་ཀྲུང་དབྱང་ནོར་སྲིད་ཀྱི་ཆུ་བེད་འཕེལ་རྒྱས་མ་དངུལ་དེ་རྒྱུ་རྐྱེན་བརྟག་ཐབས་ཀྱི་ཆ་བགོས་རྣམ་པའི་ཐོག་ནས་ས་གནས་ཁག་ལ་སྤྲད་པ་དང་འབྲེལ། དུས་གཅིག་ཏུ་སྤྲད་པའི་ལས་འགན་གསལ་ཐོའི་ནང་ས་གནས་ཁག་གིས་གཙང་པོ་འབྲིང་ཆུང་བཅོས་སྒྲིག་དང་ཉེན་ཡོད་ཆུ་མཛོད་ཆུང་གྲས་བརྟན་གཏོང་གི་ལས་འགན་དང་དམིགས་ཚད་ལེགས་སྒྲུབ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
             འདི་ལོའི་ཟླ་བ་ལྔ་པར་ནོར་སྲིད་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་ཐོག་《གེགས་རྗེས་ཆུ་བེད་ཀྱི་ཉམས་ཞན་ལྷུ་ཚིགས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་ལག་བསྟར་ཇུས་གཞི་》བཀྲམ་ནས་ས་ཁུལ་ཁག་གིས་ཆུ་བེད་ལས་གྲྭ་ཆུང་གྲས་ཀྱི་ཞན་ཆ་བཅོས་སྒྲིག་བྱེད་མགྱོགས་སུ་གཏོང་བ་དང་འབྲུབ་འགོག་ཞོད་འགོག་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་བར་མཛུབ་ཁྲིད་བྱས་ཡོད། དེའི་ནང་ཆུ་རྒྱུག་ཁུལ་ཁྱོན་སྤྱི་ལེ་ངོས་གྲུ་200ནས་3000བར་གྱི་གཙང་པོ་འབྲིང་ཆུང་བཅོས་སྒྲིག་དང་། ཉེན་ཡོད་ཆུ་མཛོད་ཆུང་གྲས་བརྟན་གཏོང་། གྲོང་གསེབ་ཀྱི་གཞི་རིམ་འབྲུབ་འགོག་སྔོན་བརྡ་དང་ཉེན་བརྡ་གཏོང་བའི་མ་ལག་འཛུགས་སྐྲུན་བཅས་ལ་ས་གནས་ཀྱིས་ཐབས་ལམ་མང་པོ་བརྒྱུད་མ་དངུལ་གྲབས་གསོག་བྱས་པ་དང་ཀྲུང་དབྱང་ནོར་སྲིད་ཀྱིས་ཆུ་བེད་འཕེལ་རྒྱས་མ་དངུལ་ལ་བརྟེན་ནས་ཁ་གསབ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།