འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།གཟི་ཚྭ་སྡེ་དགུའི་ས་ཡོམ་རྒྱག་ཁུལ་དུ་ལུས་པའི་མི་ཁྲི་7ལྷག་ཙམ་བདེ་འཇགས་ངང་ཁ་བཀྲམ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་13ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གཟི་ཚྭ་སྡེ་དགུའི་ས་ཡོམ་རྒྱག་ཁུལ་དུ་ལུས་པའི་མི་ཁྲི་7ལྷག་ཙམ་བདེ་འཇགས་ངང་ཁ་བཀྲམ་པ།
             མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་10ཉིན་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་མིག་སྔར་སི་ཁྲོན་ཞིང་ཆེན་གཟི་ཚྭ་སྡེ་དགུའི་ས་ཡོམ་རྒྱག་ཁུལ་དུ་ལུས་པའི་མི་ཁྲི་7ལྷག་ཙམ་བདེ་འཇགས་ངང་ཁ་བཀྲམ་པ་རེད།
             ཟླ་8ཚེས་8ཉིན་གྱི་དགོང་མོ་སི་ཁྲོན་ཞིང་ཆེན་གཟི་ཚྭ་སྡེ་དགུ་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་དང་ཟླ་8ཚེས་9ཉིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཅིང་ཧོ་རྫོང་དུ་ས་ཡོམ་རིམ་པ་6.6བརྒྱབ་རྗེས་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་འཕྲལ་དུ་འཕྲལ་སྡོམ་ལམ་སྲོལ་ལག་བསྟར་བྱས་ཏེ་ས་ཡོམ་བརྒྱབ་ཁུལ་གྱི་འགྲོ་ལམ་གནས་ཚུལ་ཁོང་དུ་ཆུད་པར་བྱས་པ་དང་སི་ཁྲོན་དང་། ཀན་སུའུ། ཤིན་ཅང་བཅས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཡོམ་འགོག་གེགས་སེལ་གྱི་འགྲིམ་འགྲུལ་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད། མིག་སྔའི་བར་སི་ཁྲོན་མན་དབྱང་དང་ཀན་སུའུ་ཝུན་རྫོང་ནས་ས་ཡོམ་རྒྱག་ཁུལ་དུ་སྐྱོད་ཆོག་པའི་འགྲོ་ལམ་གཙོ་བོ་གོ་རིམ་ལྡན་པའི་ངང་ཤར་གཏོང་བྱས་ཡོད།
            སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ཏེ་འཕྲལ་དུ་ཉེན་རྟོག་པ་གེགས་ཁུལ་དུ་འགྲིམ་འགྲུལ་དོ་དམ་བྱེད་པར་བཏང་བ་དང་ཆབས་ཅིག འགྲིམ་འགྲུལ་དོ་དམ་གྱི་བརྡ་ཐོའང་འཕྲལ་མར་བཏང་ནས་སྤྱི་ཚོགས་ཐོག་གི་རླངས་འཁོར་ཕྱིར་དོན་ཆོག་པ་ལས་ནང་དུ་འཛུལ་མི་ཆོག་པ་གཏན་འཁེལ་བྱས་པ་དང་ལྟེ་བའི་ཁུལ་གྱི་འགྲོ་ལམ་ཤར་གཏོང་བྱས་ཡོད། ཟླ་8ཚེས་10ཉིན་གྱི་ཆུ་ཚོད་13ཙམ་བར་སི་ཁྲོན་ཞིང་ཆེན་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྱོན་བསྡོམས་ཉེན་རྟོག་པ་3675དང་ཉེན་རྟོག་པའི་རླངས་འཁོར་སྣ་ཚོགས་1900ལྷག་ཙམ་བཏང་ནས་གེགས་ཁུལ་དུ་ཉེན་སེལ་རོགས་སྐྱོབ་བྱེད་པ་དང་དཀའ་གནས་སུ་གྱར་བའི་ཡུལ་སྐོར་བ་དང་མང་ཚོགས་བདེ་འཇགས་གནས་སྤོའི་ལས་དོན་ལ་ཞུགས་ཤིང་། འགྲིམ་འགྲུལ་དོ་དམ་བྱེད་ས་དང་གཤོང་ཁྲིད་བྱེད་ས་16བཙུགས་པ། གེགས་ཁུལ་དུ་ལུས་པའི་རླངས་འཁོར་ཁྲི་1.3ཁ་བཀྲམ་པ། མཛེས་ལྗོངས་ཁུལ་དུ་ལུས་པའི་མི་ཁྲི་7.1ལྷག་ཙམ་ཁ་འགྲེམ་རོགས་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།